《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

ལྷོ་ཁའི་རིམ་གཉིས་ཁྲིམས་ཁང་གིས།

ལྗོངས་ཕྱིར་གཅིག་སྡུད་ལས་དོན་བསྒྲུབས་པར་དགའ་འོས་པའི་ གྲུབ་འབྲས་ཐོབ་པ།

གྱོད་གཞི་74བརྟག་དཔྱད་དང་གྱོད་གཞི་45ཐག་གཅོད་བྱས་པ་དང་ལག་བསྟར་མ་དངུལ་སྒོར་ཁྲི་62.28དོན་འཁྱོལ་དང་སྡོད་ཁང་5ལ་སྒོ་ཐེལ་བརྒྱབ་པ་རེད།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་15ཉིན་ལྷོ་ཁའི་རིམ་གཉིས་ཁྲིམས་ཁང་གི་ལྗོངས་ཕྱིའི་གཅིག་སྡུད་ལག་བསྟར་ཚོགས་པས་ཟླ་བ་གཅིག་རིང་ལས་དོན་བསྒྲུབས་ནས་བདེ་བླག་ངང་ཕྱིར་ལོག་ཅིང་། ད་ཐེངས་གྱོད་གཞི་74བརྟག་དཔྱད་དང་། གྱོད་གཞི་45ཐག་གཅོད། ལག་བསྟར་མ་དངུལ་སྒོར་ཁྲི་62.28དོན་འཁྱོལ། སྡོད་ཁང་གསུམ་ལ་སྒོ་ཐེལ་བརྒྱབ་པ་བཅས་བྱས་པས་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།

ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས་འདི་ལོ་ལྷོ་ཁའི་རིམ་གཉིས་ཁྲིམས་ཁང་དུ་གྱོད་གཞི་གསོག་ཚད་མང་དུ་ཕྱིན་པ་དང་ལྗོངས་ཕྱིའི་གྱོད་གཞི་ལག་བསྟར་བྱེད་དཀའ་བར་གྱུར་ཡོད། གཞི་རིམ་ཁྲིམས་ཁང་ལ་ལར་མི་སྣ་ཉུང་བ་དང་གྱོད་གཞི་ལག་བསྟར་བྱེད་དཀའ་བའི་གནས་ཚུལ་དང་། དོ་བདག་ལ་ཞུ་གཏུགས་ཐོབ་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པ། ལག་བསྟར་བྱ་ཡུལ་གྱིས་ཏོག་གསར་གློ་ཚད་ལ་ཁ་གཡར་ནས་ལག་བསྟར་མི་བྱེད་པ། ལྷོ་ཁའི་རིམ་གཉིས་ཁྲིམས་ཁང་གི་ལག་བསྟར་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། གྱོད་གཞི་སྒྲུབ་པའི་དཀའ་ངལ་ཆུང་དུ་གཏོང་བ་བཅས་བྱས་ཏེ“གསོག་ཚད་ཉུང་གཏོང་དང་། འཕར་རྒྱུ་འགོག་པ། སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡིས་ལྗོངས་ཕྱིའི་ལག་བསྟར་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་པ་མ་ཟད། འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ《ལྗོངས་ཕྱིར་བསྐྱོད་དེ་གཅིག་སྡུད་ལག་བསྟར་སྐོར་གྱི་རིམ་གཉིས་ཁྲིམས་ཁང་གི་ལག་བསྟར་ཇུས་གཞི》བཟོས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གཅིག་སྡུད་ལག་བསྟར་བྱེད་ཁོངས་ཏེ་པེ་ཅིང་དང་། སི་ཁྲོན། ཀན་སུའུ། ཅང་ཤིས། ཀྲེ་ཅང་། ཁྲུང་ཆིང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སུ་ལག་བསྟར་མི་དམངས་ཉེན་རྟོག་པ་16ཚོགས་ཆུང་བགོས་ནས་མི་སྣ་འཚོལ་བ་དང་། ཚོད་འཛིན། སྒོ་ཐེལ་རྒྱག་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་དང་ལས་བགོས་མཉམ་ལས་དང་། མཐུན་སྦྱོར་དམག་འཐབ། ལག་བསྟར་འགག་སྒྲོལ། ལག་བསྟར་བྱེད་ཐབས་ཁག་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བཅས་བྱས་ཏེ་ལྗོངས་ཕྱིའི་གཅིག་སྡུད་ལག་བསྟར་དམིགས་ཚད་མངོན་འགྱུར་བྱས་པ་རེད།