《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

ལྷོ་ཁ་ཡན་ལག་དམག་ཁུལ་ཁང་གིས།

མཚོན་ཆ་ལྕི་རིགས་ཀྱི་ཚ་ཁ་ལྟ་བའི་སྦྱོང་བརྡར་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། དངོས་འཐབ་ཅན་གྱི་ཆ་རྐྱེན་འོག་མཚོན་ཆ་ལྕི་རིགས་ཀྱི་ཚ་ཁ་ལྟ་བའི་སྦྱོང་བརྡར་ཞིག་ལྷོ་ཁ་ཡན་ལག་དམག་ཁུལ་ཁང་གི་བྱེས་སྦྱོང་བྱ་ཡུལ་དུ་སྤེལ་བ་རེད།

ད་ཐེངས་ཀྱི་ཚ་ཁ་དངོས་ལྟ་བའི་སྦྱོང་བརྡར་རིང་། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་རྒྱུ་དམིགས་ཡུལ་དུ་བཟུང་སྟེ“སྔོན་ཇུས་ལག་བསྟར་དང་། དོན་དངོས་ལྟར་ཚོགས་སྒྲིག སྔོན་ཇུས་ལྟར་ནང་སྦྱོང”གི་བྱ་ཐབས་སྤྱད་དེ་བཀའ་གཏོང་བ་དང་། ཛ་དྲག་ཕྱིར་སྐྱོད། བཀོད་འདོམས་སུའོ་འཛུགས་པ། རུ་ཁག་དབྱེ་ནས་ནང་སྦྱོང་བཅས་ཀྱི་གོ་རིམ་ལྟར་སྦྱོང་བརྡར་བྱས་ལ། “དངོས་འཐབ་ཅན”གྱི་ཚད་གཞི་ཚ་ཁ་ལྟ་བའི་སྦྱོར་བརྡར་ཧྲིལ་བོར་ཁྱབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་སྦྱོང་བརྡར་འགོ་བཙུགས་ཚུན། ཡན་ལག་དམག་ཁུལ་ཁང་དེས་དམག་གྲབས་དམག་རྒྱག་བྱེད་པ་ཐོག་མཐའ་བར་གསུམ་དུ་ལས་འགན་ཨང་དང་པོར་བརྩིས་ཤིང་། དཀའ་ཚེགས་ཆེ་བའི་རྣམ་གྲངས་ལ་དམིགས་ཏེ་དངོས་འཐབ་ཅན་གྱི་སྦྱོང་བརྡར་བྱས་ནས་སྦྱོང་བརྡར་བྱ་ཡུལ་དུ་དམག་འཐབ་ཀྱི་རྣམ་པས་ཁེངས་ལ། དམག་སྦྱོང་དམག་གྲབས་ལ་དམ་འཛིན་ནན་པོ་བྱེད་པའི་མངོན་གསལ་དོད་པའི་སྟོན་ཕྱོགས་ལ་དམིགས་ནས། དཔུང་ཁག་གིས་སྣ་མང་ཅན་གྱི་ལས་འགན་སྒྲུབ་པའི་ནུས་པར་ཕྱོགས་ཡོངས་ནས་ཞིབ་དཔྱད་དང་ཆེ་རུ་བཏང་བ་རེད།