《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས།

ཆུ་ཁོངས་རོགས་སྐྱོབ་གསོ་སྦྱོང་སྐབས་དང་པོ་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དཔུང་ཁག་གི་ཆུ་ཁོངས་རོགས་སྐྱོབ་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ་ཆུ་ཁོངས་ཀྱི་གནོད་འཚེ་དང་ལས་འཛོལ་ལ་ཁ་གཏད་གཅོག་སྐབས་ཀྱི་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ཆུ་ཁོངས་རོགས་སྐྱོབ་གསོ་སྦྱོང་རུ་ཁག་གིས་དངོས་སུ་སྦྱོང་བརྡར་བྱེད་འགོ་ཚུགས་པ་རེད།

སྤྱི་ཁྱབ་རུ་ཁག་དེས་ཅང་ཤིས་ཞིང་ཆེན་དམར་རྟགས་ཚོགས་པའི་ཆུ་ཁོངས་རོགས་སྐྱོབ་རུ་ཁག་གི་ཆེད་ལས་དགེ་རྒན་གདན་དྲངས་ཏེ་བརྒྱུད་རིམ་ཧྲིལ་པོར་སློབ་ཚན་ཁྲིད་པ་དང་འབྲེལ། ཁོངས་གཏོགས་ཁུལ་གྱི་ཆུ་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དགེ་རྒན་ཁྲིད་དེ་སྦྱོང་བརྡར་བྱེད་ཡུལ་དངོས་ཀྱི་གནས་ཚུལ་སྔ་སྣུར་ནས་རྩད་ཞིབ་བྱས་ནས་བདེ་འཇགས་ཀྱི་བཏགས་གྲངས་ཚོད་སྐོར་བྱས་པ་རེད།

གསོ་སྦྱོང་རིང་རིགས་གཅིག་མཁས་ཅན་གྱིས་སློབ་ཚན་ཁྲིད་པ་དང་། ས་གནས་ས་ཐོག་ཏུ་གསལ་འགྲེལ་། འདྲ་བཟོ་སྦྱོང་བརྡར། དངོས་འཐབ་ནང་སྦྱོང་སོགས་ཀྱི་བྱ་ཐབས་སྤྱད་དེ། ཆུ་ལོག་དང་། འཁྱིལ་ཆུ། ཆུར་ལྷུང་ནས་ཤི་བ་སོགས་ཀྱི་ཆག་སྒོར་དམིགས་ཏེ་འཕྲལ་སྡོམ་རོགས་སྐྱོབ་ཀྱི་གྲ་སྒྲིག་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཞིང་། དེའི་ནང་ཆུ་ཁོངས་རོགས་སྐྱོབ་ཀྱི་རིགས་པའི་གཞུང་ལུགས་དང་། ཆུ་རྐྱལ་སྟངས་བཞི། ཆུ་ཐོག་སྲོག་སྐྱོབ། གྲུ་ཐོག་རོགས་སྐྱོབ། Oརྣམ་པའི་མྱུར་སྐྱོབ། ཉ་ཟན་རོགས་སྐྱོབ། གནོད་འཚེའི་སྨན་བཅོས་མྱུར་སྐྱོབ་རྩལ་ནུས་སོགས་སྦྱོང་བརྡར་གྱི་རྣམ་གྲངས་ཚུད་པ་རེད།