《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

ཆར་ཞོད་ཆེ་བས་རི་ཉིལ་ལམ་བུ་འགགས། བརྡ་ཐོ་འབྱོར་འཕྲལ་རོགས་སྐྱོབ་ ལས་དོན་སྤེལ།

—— གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པས་རི་ཉིལ་ནས་འགགས་པའི་ལམ་གཤོང་རོགས་བྱས་ཚུལ་སྐོར་བཀོད་པ།

ཉིན་ཤས་བསྟུད་མར་ཆར་པ་ཤུགས་ཆེན་བབས་པས་ཉིང་ཁྲི་གྲོང་ཁྱེར་གྱི་སྤོ་བོ་རྫོང་ནས་མེ་ཏོག་རྫོང་བར་གྱི་གཞུང་ལམ་གྱི་མེ་ཏོག་ལམ་དུམ་དུ་སླར་ཡང་རི་ཉིལ་ནས་ལམ་འགགས་པ་རེད། ཟླ་7ཚེས་23ཉིན་མེ་ཏོག་ལམ་དུམ་གྱི་ལམ་སྐྱོང་ས་ཚིཌ་113སར་རི་ཉིལ་ནས་ལམ་འགག་པར་བརྟེན། མང་ཚོགས་བཅུ་ཙམ་དང་རླངས་འཁོར་མང་པོ་འགྲོ་སྐྱོད་མ་ཐུབ་པར་ལུས་ཡོད།

ཉིན་དེའི་ཕྱི་དྲོར། མེ་ཏོག་མཐའ་མཚམས་མངགས་གཏོང་སུའོ་ཡི་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པར་ས་གནས་དེ་གའི་སྲིད་གཞུང་གི་ཛ་དྲག་བརྡ་ཐོ་འབྱོར་རྗེས་འཕྲལ་མར་བྱ་སྤྱོད་སྤེལ་ནས་མྱུར་སྐྱོབ་འཕྲལ་སྒྲུབ་རུ་ཁག་བཙུགས་ཏེ་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་རི་ཉིལ་སར་མྱུར་དུ་རོགས་སྐྱོབ་ཀྱི་ལས་དོན་སྒྲུབ་པར་བསྐྱོད།

ཆུ་ཚོད་བཞི་ལྷག་ཙམ་རིང་འབད་འཐབ་ཀྱིས་དབོར་འདྲེན་ཐེངས་མང་བྱས་པ་བརྒྱུད། ཉེན་ཁའི་གནས་སུ་ལུས་པའི་མང་ཚོགས་ཚང་མ་བདེ་འཇགས་ངང་བསྐྱབས་ཐུབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་མང་ཚོགས་24བདེ་འཇགས་ངང་སྐྱོབ་ཐུབ་པ་དང་མི་སྣ་གཅིག་ཀྱང་ཤི་རྨས་བྱུང་མེད། ཞོར་ཐོན་གནོད་འཚེའི་ཤུགས་རྐྱེན་མི་ཕོག་པའི་ཆེད་དུ་མཐའ་མཚམས་མངགས་གཏོང་སུའོ་ཡིས་གནས་སྤོས་དོ་དམ་ཉེན་རྟོག་པ་གནས་ཚུལ་ཐོན་སར་སྡོད་སྲུང་བྱེད་པར་མངགས་ཏེ་མུ་མཐུད་ལམ་བཀག་སྡོམ་བྱེད་པ་དང་། ཉེན་ཁའི་ཁྲོད་དུ་ལུས་པའི་མང་ཚོགས་ཀྱི་རླངས་འཁོར་ལྟ་སྲུང་བྱེད་པ་དང་འབྲེལ་རི་ཉིལ་སའི་གནས་ཚུལ་ལ་ས་ཆ་དེ་རང་དུ་ལྟ་ཞིབ་བྱས་ནས་བསྡད་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)