《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

སྟག་རྩེ་ཆུས་མི་དམངས་དྲག་ཆས་པུའུ་རུ《དམངས་དོན་ཁྲིམས་གཞུང》སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར་སྟག་རྩེ་ཆུས་མི་དམངས་དྲག་ཆས་པུས་ཏང་ཨུད་ཀྱིས་ལས་བྱེད་པ་དང་ལས་བཟོའི་སྣེ་ཁྲིད་ནས་གཅིག་སྡུད་སློབ་སྦྱོང་དང་བསམ་བློའི་རྐང་འཛིན་པས་གཞི་རིམ་ལས་བྱེད་པ་དང་ཡུལ་དམག་གི་སྣེ་ཁྲིད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་ཡོད།

དྲག་ཆས་པུའུ་དེས《དམངས་དོན་ཁྲིམས་གཞུང》སློབ་སྦྱོང་བྱེད་རྒྱུ་དེ་གཞི་རིམ་དུ་ཁྲིམས་བཞིན་དམག་སྐྱོང་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ་དང་དམ་འཛིན་བྱ་གཞི། ཁྲིམས་བཞིན་དམག་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ས། དམག་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་བླང་བྱ་བཅས་ལ་བརྩིས་ཏེ་ཁྲིམས་སྐྱོང་བསམ་བློས་དམངས་ཀྱི་བསམ་བློར་སྔར་བས་དྲག་ཆས་སྤྲས་ཡོད། མ་ཡིག་གི་དོན་ཚན་ཁ་ཤས་སློབ་སྦྱོང་བྱས་པ་ཕུད། ད་དུང་མི་དམངས་ཉིན་རེའི་ཚགས་པར་ཐོག་གི《དམངས་དོན་ཁྲིམས་གཞུང་གིས་འཚོ་བ་དེ་བས་མཛེས་སྡུག་ལྡན》ཞེས་པ་དང་། 《དམངས་དོན་ཁྲིམས་གཞུང་ལ་བརྟེན་ནས་ཁྲིམས་སྐྱོང་གི་འབྱུང་འགྱུར་ལ་སྐུལ་སྤེལ་གཏོང》 ཤིན་ཧྭ་གསར་འགྱུར་ཁང་གི《ཁྲིམས་སྐྱོང་འཛུགས་སྐྱོང་གི་ལམ་ཚད་རྡོ་རིང་། དམངས་དོན་ཁྲིམས་གཞུང་གྲོས་འཆམ་བྱུང་བའི་སྐབས་སུ་བྲིས》ཞེས་པ་སོགས་སྨྱན་སྦྱོར་ཐོག་སྤེལ་བའི་དཔྱད་གཏམ་མཁན་གྱི་རྩོམ་ཡིག་སློབ་སྦྱོང་བྱས་པ་རེད། སློབ་སྦྱོང་ཞིབ་ཕྲ་བྱས་པ་བརྒྱུད། དཔོན་དམག་དང་ཡུལ་དམག་གིས་རང་འགུལ་ངང་བཅའ་ཁྲིམས་ལ་བརྩི་སྲུང་དང་བཅའ་ཁྲིམས་བེད་སྤྱོད་གཏོང་བའི་འདུ་ཤེས་དང་བཅའ་ཁྲིམས་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)