《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

ལྷ་ས་གྲོང་ཁྱེར་གྱིས།

བཅའ་ཁྲིམས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས་རོགས་སྐྱོར་བྱེད་དགོས་རིགས་ཚང་མར་རོགས་སྐྱོར་ཐུབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པས་ཚེས་23ཉིན་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་རྒྱན་ཤོག་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་དང་། སྤྱི་ཚོཌ་ལས་རིགས་ཁག་དང་རྒྱ་ཆེའི་བཅའ་ཁྲིམས་རོཌ་སྐྱོར་ལས་དོན་པས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་བཅའ་ཁྲིམས་རོགས་སྐྱོར་བྱ་གཞག་ལ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ལོ་མང་རིང་གྱོད་སྒྲུབ་གྲངས་ཚད་ལྗོངས་ཡོངས་ཀྱི་གྱོད་སྒྲུབ་བསྡོམས་འབོར་གྱི་80%ཡན་བཟུང་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཀྲུང་དབྱང་གི་ཆེད་དོན་རྒྱན་ཤོག་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱི་བཅའ་ཁྲིམས་རོགས་སྐྱོར་རྣམ་གྲངས་ལག་བསྟར་བྱས་ཚུན། ལྷ་ས་གྲོང་ཁྱེར་གྱིས་ཁྱོན་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་8357བདག་སྤྲོད་བྱས་པའི་ཁྲོད་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་གྱིས་མི་ལུས་ལ་གནོད་འཚེ་བཟོས་པར་གུན་གསབ་འཇལ་བའི་རྩོད་གཞི་དང་། སྨན་བཅོས་གུན་གསབ་འཇལ་བའི་རྩོད་གཞི། ལས་རྨས་ལས་འཛོལ་གྱིས་གནོད་འཚེ་བཟོས་པར་གུན་གསབ་འཇལ་བའི་རྩོད་གཞི། གློག་འཁྱུད་ནས་མི་ལུས་ལ་གནོད་འཚེ་བཟོས་པར་གུན་གསབ་འཇལ་བའི་རྩོད་གཞི་སོགས་ཚུད་ཡོད་པ་རེད།