《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

སྦྲ་ཆེན་རྫོང་རྫ་སྲིབ་གྲོང་རྡལ་མངགས་གཏོང་ཁང་གིས།

ཉེན་རྟོག་པའི་ལས་སྒྲུབ་རྩལ་ནུས་ཀྱི་ཆེད་དོན་སྦྱོང་བརྡར་བྱས་པ།

འདི་ག་ཚགས་པར་ཁང་དུ་སྦྲ་ཆེན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་སྦྲ་ཆེན་རྫོང་སྤྱི་བདེ་ཅུས་རྫ་སྲིབ་གྲོང་རྡལ་མངགས་གཏོང་ཁང་གིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཉེན་རྟོག་པའི་ལས་སྒྲུབ་རྩལ་ནུས་ཀྱི་ཆེད་དོན་སྦྱོང་བརྡར་བྱས་པ་རེད།

སྦྱོང་བརྡར་བྱེད་རིང་། མི་དམངས་ཉེན་རྟོག་པས《མི་དམངས་ཉེན་རྟོག་པའི་བཅའ་ཁྲིམས》དང་། 《གྲོང་མིའི་ཐོབ་ཐང་ལག་ཁྱེར་བཅའ་ཁྲིམས》《སྤྱི་བདེ་ལས་ཁུངས་མི་དམངས་ཉེན་རྟོག་པའི་བརྟག་ཞིབ་ཚད་གཞི》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་ཟུང་འབྲེལ་བྱས་ནས་རྒྱུན་གཏན་གྱི་སྐོར་གཡེང་ཁྲོད་གློ་བུར་དུ་ཐོན་པའི་གནས་ཚུལ་སྣ་ཚོགས་ད་ཐེངས་སྦྱོང་བརྡར་གྱི་རྒྱབ་ལྗོངས་སུ་བྱས་པ་དང་། དུས་འགོའི་དམིགས་བསལ་ཉེན་རྟོག་རུ་ཆེན་གྱི་སློབ་ཁྲིད་དམག་དཔོན་གྱིས་སློབ་ཁྲིད་བྱེད་རྒྱུ་རྨང་གཞིར་བྱས་ཏེ། གཙོ་བོ་མི་སྣར་བརྟག་ཞིབ་དང་། དངོས་ཟོག་ལ་བརྟག་ཞིབ། སྔོག་བཤེར་སོགས་ཀྱི་ཐད་སྦྱོང་བརྡར་བྱས་པ་རེད།

ད་ཐེངས་ཀྱི་སྦྱོང་བརྡར་བརྒྱུད། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་ཁྲིམས་འཛིན་གྱི་སྐད་ཆ་དང་བྱ་སྤྱོད་སྔར་བས་ཚད་ལྡན་དུ་ཕྱིན་པ་མ་ཟད། མི་དམངས་ཉེན་རྟོག་པའི་ཚད་ལྡན་ཅན་གྱི་ཁྲིམས་འཛིན་བྱ་ཐབས་ལ་ཤུགས་སྣོན་ཐེབས་པ་མ་ཟད། སྦྱོང་བརྡར་ལས་དོན་ལ་སྔོན་དཔག་གི་ཕན་འབྲས་ཐོབ་པ་རེད།