《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་ཡིས།

“ཏང་ཞུགས་དམ་བཅའ་ཡང་བསྐྱར་འཇོག”པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་99འཁོར་བར་རྟེན་འབྲེལ་ཞུས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་སྔར་བས་ཟབ་ཏུ་གཏོང་ཆེད། ཉེ་ཆར། མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་ཡིས་ལས་ཐོག་ཏུ་ཡོད་པའི་མི་དམངས(ལས་རོགས)ཉེན་རྟོག་པ་ཡོངས་སྒྲིག་འཛུགས་བྱས་ནས“ཏང་ཞུགས་དམ་བཅའ་ཡང་བསྐྱར་འཇོག”པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

དམར་མདངས་བཀྲ་བའི་དར་དམར་གྱི་མདུན་དུ་ཚང་མས་ལག་གཡས་པ་མཐོན་པོར་བསྒྲེངས་ནས་གཟབ་ནན་གྱིས་ཏང་གི་དམ་བཅའ་བསྐྱར་འཇོག་བྱས་ཤིང་། བྱེད་སྒོ་མཇུག་འགྲིལ་རྗེས། མི་དམངས(ལས་རོགས)ཉེན་རྟོག་པ་ཡོངས་ཀྱིས། གསར་བརྗེའི་སྔོན་གཤེགས་དཔའ་བོའི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ཏང་ཡོན་གྱི་ཁྱད་ཆོས་རྒྱུན་འཁྱོངས། རང་འཁྲིའི་ལས་གནས་ལ་གཞི་འཛུགས་པ། རང་འཁྲིའི་ལས་ཀ་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་དང་། ཏང་དང་མི་དམངས་ཀྱིས་སྤྲད་པའི་སྤྱི་བདེའི་ལས་འགན་ཁག་བདེ་བླག་ངང་སྒྲུབ་རྒྱུ་མ་ཟད། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་དར་ལ་བཀྲག་མདངས་སྣོན་པ་དང་ཕུལ་བྱུང་གི་བསམ་པའི་ཉམས་འགྱུར་དང་དེ་བཞིན་གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་ངོ་གནོང་མི་དགོས་པའི་ཏང་ཡོན་ཉེན་རྟོག་ཡག་པོ་ཞིག་བྱེད་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།