《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

གཞིས་རྩེའི་འགྲིམ་འགྲུལ་ཉེན་རྟོག་པས་ཚུལ་མིན་གྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་གཅིག་སྡུད་བཅོས་སྒྲིག་བྱས་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། 2020ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་པའི་ཁར། གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་བྱེད་པའི་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་ཏེ། གྲོང་ཁྱེར་གྱི་འགྲིམ་འགྲུལ་ཤར་གཏོང་ནུས་པ་སྔར་བས་ཆེ་རུ་བཏང་བ་དང་ཆབས་ཅིག ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལས་དོན་གྱི་འགྲིམ་འགྲུལ་ཆེད་སྤྱོད་བཅོས་སྒྲིག་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་ནུས་ལྡན་བཏང་བ་མ་ཟད། བདེ་འཇགས་དང་། ཤར་བགྲོད། ཡ་རབས་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་ཅིག་བཏོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར། འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གིས་གློག་སྒུལ་འཁོར་ལོ་དང་སྦག་སྦག་གཏོང་མཁན་གྱིས་བདེ་འཇགས་ཞྭ་མོ་མ་གྱོན་པའི་རིགས་1260ཞིབ་གཅོད་བྱས་པ་དང་། འཁོར་བྱང་དང་ལག་ཁྱེར་མེད་པའི་སྦག་སྦག་739བཙན་ཉར་བྱས་པ། གཅིག་སྡུད་བཀོད་འདོམས་ལས་སྟེགས་བརྒྱུད་སྲུང་ཐག་མ་བཏགས་པའི་སྒྲིག་འགལ་བྱེད་སྤྱོད་1633ཐོ་འགོད་བྱས་པ། འཕྲུལ་སྒུལ་འཁོར་རིགས་ཀྱིས་མི་སྐྱོད་འགྲོ་ལམ་བཙན་སྒྲོལ་བྱེད་མཁན་མོ་ཊ་ཐེངས་7760དང་རླངས་འཁོར་གཏོང་སྐབས་ཁ་པར་རྒྱག་མཁན་མི་ཐེངས་1552ལ་ཁ་ཏ་བསླབ་བྱ་བྱས་པ། ཚུལ་མིན་པ་མི་ཐེངས་776འགྲིམ་འགྲུལ་དང་བླངས་བྱེད་སྒོར་ཞུགས་སུ་བཅུག་པ་བཅས་ལ་བརྟེན་ནས། དོ་དམ་ནན་པོ་དང་ཆད་གཅོད་ནན་པོ་བྱེད་པའི་རྣམ་པ་ཞིག་ཆགས་པར་བྱས་པ་མ་ཟད། ད་དུང་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུའང་ཕུལ་ཡོད།