《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

“མངགས་གཏོང་ཁང་གི་སྒོ་འབྱེད་ཉིན་མོར”མི་དམངས་ཉེན་རྟོག་པའི་ ཉམས་བཟང་ཐག་ཉེ་ས་ནས་རྒྱུས་མངའ་བྱེད་པ།

ཉེ་ཆར། མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་མདའ་འབབ་མཐའ་མཚམས་མངགས་གཏོང་ཁང་དུ་དམིགས་བསལ་གྱི་མགྲོན་པོ་ཁག་གཅིག་འབྱོར་ཞིང་། ཁོ་ཚོ་ནི་མདའ་འབབ་ཤང་ཀུ་ཤུ་སློབ་ཆུང་གི་རུ་སྣེ་ཁྲིད་མཁན་དགེ་རྒན་3དང་སློབ་མ་14དེ་དག་རེད། གདན་ཞུས་ལྟར་ཁོང་ཚོས“མངགས་གཏོང་ཁང་གི་སྒོ་དབྱེ་ཉིན་མོའི”བྱེད་སྒོར་ཞུགས་ཡོད།

མི་དམངས་ཉེན་རྟོག་པས་དགེ་སློབ་ཀྱི་སྣེ་ཁྲིད་ནས་མངགས་གཏོང་ཁང་གི་བྱེད་ནུས་ཁུལ་དང་། མི་དམངས་ཉེན་རྟོག་པའི་ཉལ་ཁང་། སྦྱོང་བརྡར་བྱེད་ས་སོགས་སུ་ལྟ་སྐོར་བྱས་པ་དང་། མི་དམངས་ཉེན་རྟོག་པའི་ཞིབ་ཅིང་ཕྲ་བའི་ངོ་སྤྲོད་འོག ཕྲུ་གུ་ཚོས་ཉེན་རྟོག་པའི་འཚོ་བར་ཉམས་ཞིབ་བྱུང་བ་དང་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པའི་རྒྱུན་གཏན་གྱི་འཚོ་བར་རྒྱུས་མངའ་ལོན་བྱས་ཡོད། མཉམ་སྡེབ་ཉལ་ཁང་དུ་མི་དམངས་ཉེན་རྟོག་པས་ཕྲུ་གུ་ཚོར་ཉལ་ཆས་ལྟེབ་རྩེག་རྒྱག་སྟངས་སོགས་བསླབས།

བྱེད་སྒོའི་ནང་ཚང་མས་དགའ་ཤོས་བྱེད་ས་ནི་ཉེན་སྤྱོད་སྒྲིག་ཆས་དང་ཉེན་དོན་དངོས་འཐབ་རྩལ་ནུས་ངོམ་སྟོན་ལ་ལྟ་བ་དེ་རེད། མི་དམངས་ཉེན་རྟོག་པས་ངང་རྒྱུད་རིང་པོས་ཕྲུ་གུ་ཚོར་མེ་མདའ་དང་། ཕུབ། ཉེན་ཟོན་དབྱུག་པ་སོགས་མཚོན་ཆ་དང་ཉེན་སྤྱོད་མཁོ་ཆས་ངོ་སྤྲོད་བྱས་པ་དང་ཕྲུ་གུ་ཚོས་སྤྲོ་སྣང་ཆེན་པོས་ལྟ་ཞིབ་དང་ཚོད་ལྟ་བྱས། དེ་རྗེས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཕྲུ་གུ་ཚོར་ཉེན་དོན་དངོས་འཐབ་རྩལ་ནུས་ངོམ་སྟོན་བྱས་པས་ཕྲུ་གུ་ཚོའི་དགའ་བསུ་ཆེན་པོ་ཐོབ།

ཉེན་རྟོག་པ་དང་སློབ་གྲྭ་མཉམ་སྐྲུན་མཉམ་གསོ་བྱེད་པ་ནི་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་འདུ་ཤེས་ཀྱི་རྨང་གཞིའི་རང་བཞིན་དང་ཕུགས་ཕན་རང་བཞིན་ཆེ་རུ་གཏོང་བའི་འདུ་འགོད་ཅིག་རེད། ཤེས་རྟོགས་བྱུང་བར། མདའ་འབབ་མཐའ་མཚམས་མངགས་གཏོང་ཁང་གིས་ཐོག་མཐའ་བར་གསུམ་དུ་བཅའ་སྡོད་སློབ་ཆུང་དང་མཉམ་སྐྲུན་མཉམ་གསོ་མཐའ་འཁྱོངས་དང་མི་དམངས་ཉེན་རྟོག་པས་འཁང་ར་སྤུ་ཙམ་ཡང་མེད་པར་སློབ་གྲྭ་དང་དེ་བཞིན་ཉེ་འཁོར་ས་ཁུལ་གྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་འགན་བསྒྲུབས་ཏེ། སློབ་གྲྭར་བདེ་འཇགས་ཞི་མཐུན་གྱི་མི་སྐྱོང་ཁོར་ཡུག་བཏོད་ཡོད། ད་ཆ་མི་དམངས་ཉེན་རྟོག་པས་སློབ་གྲྭའི་ཁྲིམས་སྐྱོང་ཟུར་ཁྲིད་ཀྱི་འགན་ཁུར་བ་དང་དུས་མཚུངས“མངགས་གཏོང་ཁང་གི་སྒོ་འབྱེད་ཉིན་མོའི”བྱེད་སྒོ་སྤེལ་བས། ཁུལ་དེའི་ཕྲུ་གུ་ཚོ་ཁྲིམས་ལུགས་ཀྱི་སྲུང་སྐྱོང་འོག་འཚར་ལོངས་ལེགས་པོ་ཡོང་ངེས་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)