《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱི་12315བཀོད་འདོམས་ལྟེ་གནས་ཀྱིས་རིགས་ཁག་གི་ཞུ་གཏུགས་1793བདག་སྤྲོད་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་་འབྱོར་གསལ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་རེ་ཞུའི་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་12315ལྟེ་གནས་ཀྱིས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་འཛད་སྤྱོད་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད། འདི་ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་ལྟ་འདོམས་ཅུས་ཀྱི་12315བཀོད་འདོམས་ལྟེ་གནས་ཀྱིས་འཛད་སྤྱོད་པའི་རིགས་ཁག་གི་ཞུ་གཏུགས་1793བདག་སྤྲོད་བྱས་པའི་ནང་ཞུ་གཏུགས་1115དང་ཐེར་འདོན་678བྱས་པ་ཚང་མ་ཐག་གཅོད་བྱས་པ་དང་ཐག་གཅོད་བྱེད་ཚད་100%ཟིན་ཡོད། ཞུ་གཏུགས་དང་འབྲེལ་བའི་རྩོད་གཞིའི་དངུལ་འབོར་སྒོར་ཁྲི་276.8ཟིན་ནས་འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་154.78མི་ཕོག་པར་བྱས་པ་རེད།

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཁྲོམ་ར་ཁོའོ་ཡི་འགན་འཁུར་བ་ཧོང་ཐིང་གིས་ངོ་སྤྲོད་བྱས་པར། ལོ་སྟོད་དུ་ཞུ་གཏུགས་115བདག་སྤྲོད་བྱས་པའི་ནང་ཚོང་ཟོག་སྤུས་ཚད་ཀྱི་ཞུ་གཏུགས་678དང་ཞབས་ཞུའི་རིགས་ཀྱི་ཞུ་གཏུགས་437ཡོད་པ་ཁག་སོ་སོས་ཞུ་གཏུགས་བསྡོམས་འབོར་གྱི་60.8%དང་39.2%བཟུང་ཡོད་པ་རེད།