《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

ཉིང་ཁྲིའི་ཁྲིམས་ལུཌ་ཁྱབ་གདལ་གཞུང་དོན་ཁང་དང་ཁྲིམས་འཛིན་ཅུས་ཀྱིས།

བྱ་ཐབས་སྣ་ཚོགས་སྤྱད་ནས་ཁྲིམས་ ལུགས་ཁྱབ་གདལ་བཏང་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་དང་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་ལས་དོན་སྤེལ་སྟངས་གསར་གཏོད་བྱས་ནས། ཐང་ཁྲོམ་འདོན་ཁུལ་བདེ་སྐྱིད་ཁུལ་ཆུང་གི་C5ཇོ་མོ་གླང་རྫོང་མཁའ་ཁྲོམ་དུ་ཁྲིམས་ལུགས་ཁྱབ་གདལ་གྱི་ཁྲོམ་འདོན་ས་བཟོས་ཏེ། མང་ཚོགས་དང་སྔར་བས་ཉེ་བཅར་གྱི་རྣམ་པའི་ཐོག་ནས་ཁྲིམས་འཛིན་སྲིད་འཛིན་ལས་དོན་ཡག་པོ་བསྒྲུབས་པ་རེད།

བྱེད་སྒོའི་ཐོག་ཁྲིམས་ལུགས་ཁྱབ་གདལ་སྐོར་གྱི་དྲིལ་བསྒྲགས་གློག་བརྙན་བསྟན་པ་མ་ཟད། ལས་དོན་མི་སྣས་ད་དུང་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་རྩ་ཁྲིམས་དང་། དམངས་དོན་ཁྲིམས་གཞུང་། སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས། བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་བཟང་ཁུལ་གཏོད་འཛུགས་ཀྱི་སྲོལ་ཡིག་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད་གསལ་པོ་བརྒྱབ་པ་རེད། གཞན་ཡང་། བྱེད་སྒོའི་ཐོག་བསྟན་པའི་སྨྱན་སྦྱོར་གསར་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་རིག་ནུས་འཕྲུལ་མི“ཧྥ་ཞའོ་ཅཱ”ཡིས་མང་ཚོགས་མང་པོའི་ཡིད་དབང་བཀུག་ཡོད། མང་ཚོགས་ཀྱིས“ཉིང་ཁྲིའི་དམངས་ཆེད་ཁྲིམས་འཛིན”གྱི་སྐད་འཕྲིན་སྤྱི་སྟེགས་དང“ཉིང་ཁྲིའི་ཁྲིམས་ལུགས་ཁྱབ་གདལ”ཁྱུགས་དབྱིངས་ལ་དོ་ཁུར་བྱེད་པ་དང་། ཁྲིམས་རྩོད་པར་ས་གནས་ས་ཐོག་ནས་བློ་འདྲི་བྱེད་པ། ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་ལག་རྟགས་ལེན་པ་སོགས་ཀྱི་རྣམ་པ་སྤྱད་དེ་བྱེད་སྒོའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་དང་ཁྲིམས་ལུགས་ཁྱབ་གདལ་གྱི་ཕན་འབྲས་དེ་བས་ལེགས་སུ་བཏང་ནས། མང་ཚོགས་ཀྱི་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་བཏང་སྟེ། “ལྔ་ལྡན་ཉིང་ཁྲི”གཏོད་རྒྱུར་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་བཏིང་བ་མ་ཟད་ད་དུང་ཁྲིམས་སྐྱོང་གི་འགན་ལེན་ཡང་བྱས་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར་ཅིང་བདེ་སྐྱིད་དབང་མོས་ཞུས)