《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

“དམངས་ཡོངས་ཀྱིས་བདེ་ཐང་ཀྲུང་གོ་སྲུང”ཞེས་པའི་སྤྱི་ཕན་བྱ་སྤྱོད་ཀྱིས།

བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ལ་སྒོར་ཁྲི་100རི་བའི་ཆུ་གཙང་མ་བཟོ་ཆས་ཞལ་འདེབས་བརྒྱབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཤིན་ཧྭ་གསར་འགྱུར་ཁང་གིས་ཅིའུ་མུའུ་ཚོགས་པ་དང་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་དང་མཉམ་དུ“དམངས་ཡོངས་ཀྱིས་བདེ་ཐང་ཀྲུང་གོ་སྲུང”ཞེས་པའི་སྤྱི་ཕན་བྱ་སྤྱོད་གངས་ལྗོངས་ས་མཐོར་སྤེལ་ནས་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་རྒྱ་ཆེའི་བཀོད་འཐབ་པར་བྱམས་བརྩེའི་འཚམས་འདྲི་ཞུས་པ་དང་འབྲེལ། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ལ་སྒོར་ཁྲི་100རི་བའི་ཆུ་གཙང་མ་བཟོ་ཆས་ཞལ་འདེབས་ཀྱང་བརྒྱབ་སྟེ་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་བཏང་ནས་དམངས་ཡོངས་བདེ་ཐང་ཡོང་བ་བྱས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ཐེངས་དེའི་བྱེད་སྒོ་ནི་ཤིན་ཧྭ་གསར་འགྱུར་ཁང་མི་རིགས་སྤུས་རྟགས་འདུ་འགོད་གཞུང་དོན་ཁང་དང་ཅིའུ་མུའུ་ཚོགས་པས་མཉམ་དུ་སྤེལ་བ་དང་། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དང་ཀྲུང་གོ་དཔལ་འབྱོར་ཆ་འཕྲིན་ཁང་ཧྥུའུ་ཅན་ཡན་ལག་ཀུང་སིས་སྒྲུབ་འགན་འཁུར་བ། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་གསར་འགྱུར་ལས་རིགས་དང་བླངས་པའི་དགེ་སྒྲུབ་སྐུལ་སྤེལ་ལས་དོན་ཨུ་ལྷན་གྱིས་སྤྱི་ཕན་རྒྱབ་སྐྱོར་བྱས་པ་ཞིག་རེད།