《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

ལྷ་སའི་མཐོ་གསར་ཁུལ་གྱིས།

ཤེས་དཔལ་གྲོང་ཁྱེར་གཏོད་པའི་དང་ བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། “ལེགས་སྐྱེས་འབུལ་བ་དང་། མཛའ་མཐུན། རོགས་རེས། ཡར་ཐོན”ཞེས་པའི་དང་བླངས་ཞབས་ཞུའི་སྙིང་སྟོབས་དར་སྤེལ་གྱིས“ལང་ཚོ་སྐྱེས་སུ་ཕུལ་ནས་མི་ཚེར་སྔར་བས་བཀྲག་མདངས་རྒྱས་པ་དང་། དང་བླངས་ཞབས་ཞུ་ལས་གྲོང་ཁྱེར་སྔར་བས་ཤེས་དཔལ་ལྡན་པར་བྱེད”ཅེས་པའི་རྣམ་པ་བཟང་པོ་གཏོད་ཆེད། ཉེ་ཆར། ལྷ་སའི་མཐོ་གསར་ཁུལ་གྱིས་དང་བླངས་པ་130ལྷག་སྒྲིག་འཛུགས་བྱས་ཏེ“ལང་ཚོར་བརྟེན་ནས་ཤེས་དཔལ་དར་སྤེལ་དང་། དང་བླངས་བྱས་ཏེ་གྲོང་ཁྱེར་གཏོད་པའི”དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་རིང་། དང་བླངས་པས་གད་སྙིགས་སྒྲུག་པའི་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་བྱེད་སྒོ་སྤེལ་བ་དང་། མཐོ་གསར་ཁུལ་གྱི་ལམ་རྒྱུད་ཀྱི་ཤོག་སྙིགས་དང་། ཤིང་ཏོག་གི་ལྤགས་པ། བཟའ་བཅའི་ཁུག་མ་སོགས་འཚོ་བའི་གད་སྙིགས་བསྒྲུགས་པ་རེད། ལས་ཀ་ཧུར་ཐག་འབད་ཐག་བྱས་ནས་དང་བླངས་པ་ཚོས་གད་སྙིགས་ཁུག་མ་ཁྱོན་40ལྷག་བསྒྲུགས་པ་མ་ཟད། གད་སྙིགས་རིགས་དབྱེ་ནས་མཐོ་གསར་ཁུལ་ལ་ཤེས་དཔལ་གྲོང་ཁྱེར་གྱི་ལས་དོན་སྒྲུབ་པར་སྐུལ་མ་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། དེ་དང་ཆབས་ཅིག་དང་བླངས་པ་ཚོས་ད་དུང“ཡ་རབས་འགྲིམ་འགྲུལ་གྱི་སྒྲིག་སྲོལ་སྲུང་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་ཚོགས་ཆུང་བགོ་བའི་རྣམ་པ་བརྒྱུད། མཐོ་གསར་ཁུལ་གྱི་ལམ་བཞི་མདོ་ཁར་འགྲིམ་འགྲུལ་གྱི་ལམ་སྟོན་བྱས་ཤིང་། བགྲེས་སོང་དང་། བྱིས་པ། དབང་པོ་སྐྱོན་ཅན་བཅས་ལམ་དུ་སྒྲོལ་རོགས་བྱས་པ་མ་ཟད། འགྲིམ་འགྲུལ་སྒྲིག་སྲོལ་མི་སྲུང་བའི་མང་ཚོགས་ལ་ཁ་ཏ་དང་དྲན་སྐུལ་བྱས་ནས་ཐོགས་མེད་ཀྱི་བདེ་འཇགས་འགྲོ་ལམ་ཞིག་བཤངས་པ་རེད།