《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས།

《དམངས་དོན་ཁྲིམས་གཞུང》སློབ་སྦྱོང་དང་ལག་བསྟར་གྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས《དམངས་དོན་ཁྲིམས་གཞུང》གི་ཆེད་དོན་ཟུར་ཁྲིད་ཀྱི་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་ཁྲིམས་རིག་པའི་སློབ་རམས་པ་དང་། ཀྲུང་གོ་མི་དམངས་སློབ་ཆེན་ཁྲིམས་རིག་པའི་རབ་འབྱམས་པ། བོད་ལྗོངས་དངོས་གྲུབ་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་དངོས་གྲུབ་དབྱངས་ཅན་གདན་དྲངས་ནས་ཆེད་དོན་ཟུར་ཁྲིད་སྙན་ཞུ་བྱས་པ་རེད།

སྙན་ཞུའི་ཚོགས་འདུའི་ཐོག་དངོས་གྲུབ་དབྱངས་ཅན་གྱིས《དམངས་དོན་ཁྲིམས་གཞུང》རྩོམ་སྒྲིག་གི་རྒྱབ་ལྗོངས་དང་། 《དམངས་དོན་ཁྲིམས་གཞུང》གི་ས་བཅད་ངོ་སྤྲོད། མི་སྒེར་གྱི་འཚོ་བ། སྲིད་འཛིན་ལས་ཁུངས་བཅས་དང་འབྲེལ་བ་དམ་ཟབ་ཡོད་པའི་གཙོ་གནད་ནང་དོན་4ཡི་ཐད་གསོན་ཉམས་དོད་པ་དང་། ངོ་མཚར་ཆེ་བ། ཕྱོགས་ཡོངས། ཡང་དག་པ་བཅས་ཀྱི་གསལ་འགྲེལ་བྱས་པ་རེད། ཟུར་ཁྲིད་འཆད་ཁྲིད་ཀྱི་བརྗོད་དོན་གཙོ་བོ་གསོན་ཉམས་དོད་པ་དང་། གོ་རིམ་ཁ་གསལ་བ། གྱོད་དཔེ་ཞིབ་བདེན་བཅས་ཡིན་པས་ལྗོངས་ཡོངས་ཀྱི་སྲིད་འཛིན་ཐིང་ཁྱབ་ཁོངས་ཀྱིས《དམངས་དོན་ཁྲིམས་གཞུང》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

སྙན་ཞུའི་ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སློབ་སྦྱོང་གི་རང་རྟོགས་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས། 《དམངས་དོན་ཁྲིམས་གཞུང》ཁྱབ་བསྒྲགས་དང་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རང་འགུལ་ངང《དམངས་དོན་ཁྲིམས་གཞུང》སློབ་སྦྱོང་བྱ་རྒྱུ་དེ་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་ཁྲོད་མཉམ་འདྲེས་བྱས་ཏེ《དམངས་དོན་ཁྲིམས་གཞུང》སློབ་སྦྱོང་བྱ་རྒྱུ་དེ་རང་རྟོགས་ཅན་དང་རྒྱུན་རྣམ་ཅན་ལ་འགྱུར་བ་དང《དམངས་དོན་ཁྲིམས་གཞུང》མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་གཏོང་དགོས། དྲིལ་བསྒྲགས་ཀྱི་རྒྱུན་མཐུད་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས། ལག་བསྟར་གྱི་རང་འགུལ་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་སྲིད་འཛིན་ཁྲིམས་འཛུགས་དང་། སྲིད་འཛིན་ཁྲིམས་བསྟར། ཉེས་དོན་ལག་བསྟར། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་བཅས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས།