《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

ཆབ་མདོའི་འགྲིམ་འགྲུལ་ཉེན་རྟོག་པས།

《དམངས་དོན་ཁྲིམས་གཞུང》མཉམ་དུ་སློབ་སྦྱོང་དང་བེད་ སྤྱོད་བྱེད་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གནས་ཚུལ་འབྱོར་གསལ། “བདུན་ལྔའི”བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ཉེ་དུས། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས《དམངས་དོན་ཁྲིམས་གཞུང》མཉམ་དུ་སློབ་སྦྱོང་བྱས་ནས《དམངས་དོན་ཁྲིམས་གཞུང》སློབ་སྦྱོང་དང་བེད་སྤྱོད་བྱེད་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བས། ཆབ་མདོའི་འགྲིམ་འགྲུལ་ཉེན་རྟོག་པས《དམངས་དོན་ཁྲིམས་གཞུང》སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད།

སློབ་སྦྱོང་བྱེད་རིང་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་བྱང་ཆུབ་རྡོ་རྗེས《དམངས་དོན་ཁྲིམས་གཞུང》གི་ཁྲིམས་འཛུགས་རྒྱབ་ལྗོངས་བརྒྱུད་བསྒྲགས་བྱས་པ་དང་། 《དམངས་དོན་ཁྲིམས་གཞུང》གི་བཀྲག་མདངས་འཚེར་ས་གསལ་བཤད་བྱས་པ། 《དམངས་དོན་ཁྲིམས་གཞུང》རྩོམ་སྒྲིག་བྱེད་པའི་དོན་སྙིང་གལ་ཆེན་ནན་བཤད་བྱས་པ། ལམ་ལུགས་ཀྱི་དགོས་མཁོ་དང་། རྒྱལ་ཁབ་ཀྱི་དགོས་མཁོ། སྤྱི་ཚོགས་ཀྱི་དགོས་མཁོ། མི་དམངས་ཀྱི་དགོས་མཁོ་སོགས་ཐད་ནས《དམངས་དོན་ཁྲིམས་གཞུང》རྩོམ་སྒྲིག་གི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་རྒྱས་བཤད་བྱས་ཡོད། ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་ནན་ཏན་དང་ལས་ཀའི་འགན་འཁྲིར་གཞི་ཚུགས་ནས《དམངས་དོན་ཁྲིམས་གཞུང》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་བྱེད་རྒྱུའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་དང་། ཏང་ཡོན་ལས་བྱེད་ཡོངས་ཀྱིས་འགོ་ཁྲིད་དེ《དམངས་དོན་ཁྲིམས་གཞུང》སློབ་སྦྱོང་བྱས་ནས་དམངས་དོན་ཁྲིམས་གཞུང་གི་དོན་ཚན་རེ་རེ་བཞིན་ཞིབ་ཀློག་བྱེད་པ་དང་། གོ་རིམ་ལྡན་ལ་ཕྱོགས་ཡོངས་ནས་ཁྲིམས་གཞི་ཁོང་དུ་ཆུད་པ་བྱེད་པ། ཁྲིམས་བཞིན་ལས་འགན་སྒྲུབ་པ་དང་འགན་དབང་སྤྱོད་པ་བཅས་བྱས་ཏེ《དམངས་དོན་ཁྲིམས་གཞུང》སློབ་སྦྱོང་དང་། བརྩི་སྲུང་། སྲུང་སྐྱོང་བཅས་བྱེད་མཁན་གྱི་དཔེ་སྟོན་པ་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)