《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས《དམངས་དོན་ཁྲིམས་གཞུང》གི་ཤེས་བྱ་ཆེད་དོན་འཆད་ཁྲིད་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གིས་བོད་ལྗོངས་དངོས་གྲུབ་ཁྲིམས་རྩོད་པའི་ལས་དོན་སུའོ་ཡི་ཀྲུའུ་རེན་དངོས་གྲུབ་དབྱངས་ཅན་གདན་དྲངས་ནས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ) རྫོང(ཆུས)བཅས་རིམ་པ་གསུམ་གྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོར《དམངས་དོན་ཁྲིམས་གཞུང》གི་ཤེས་བྱ་ཆེད་དོན་འཆད་ཁྲིད་བྱས་པ་རེད།

འཆད་ཁྲིད་ཐོག དངོས་གྲུབ་དབྱངས་ཅན་གྱིས《དམངས་དོན་ཁྲིམས་གཞུང》བཟོ་བའི་འབྲེལ་ཡོད་རྒྱབ་ལྗོངས་དང་། 《དམངས་དོན་ཁྲིམས་གཞུང》གི་ཁྲིམས་འཛུཌ་བཟོ་སྟངས་དང་རྣམ་པ་མདོར་བསྡུས། 《དམངས་དོན་ཁྲིམས་གཞུང》དང་མི་སྒེར་གྱི་འཚོ་བ་དམ་པོར་འབྲེལ་བའི་ནང་དོན་གཙོ་བོ། 《དམངས་དོན་ཁྲིམས་གཞུང》དང་སྲིད་འཛིན་སྒྲིག་གཞི་དམ་པོར་འབྲེལ་བའི་ནང་དོན་གཙོ་བོ་བཅས་ཕྱོཌ་བཞིའི་ཐད་ནས་ཚང་མར《དམངས་དོན་ཁྲིམས་གཞུང》གི་ཆེད་དོན་འཆད་ཁྲིད་བྱས་པ་རེད།

རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོས། ཐེངས་འདིའི་འཆད་ཁྲིད་གོ་སྐབས་སུ་བྱས་ནས《དམངས་དོན་ཁྲིམས་གཞུང》སློབ་སྦྱོང་དང་དོན་འཁྱོལ་ཡག་པོ་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཁག་དོན་འཁྱོལ་སྔར་བས་ཡག་པོ་བྱས་ཏེ་བསམ་བློའི་གོ་རྟོགས་དང་ངོས་འཛིན་སྔར་བས་མཐོ་རུ་བཏང་ནས་སྔོན་ལ་སློབ་སྦྱོང་དང་སྔོན་ལ་ལག་བསྟར། སྔོན་ལ་བརྩི་སྲུང་བཅས་བྱས་ཏེ། འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱིས《དམངས་དོན་ཁྲིམས་གཞུང》སློབ་སྦྱོང་བྱེད་པའི་རྣམ་པ་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་འཚང་ཁ་ཤིག་ཤིག་གིས་བཤད་པ་རེད།