《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་བཅའ་ཁྲིམས་བརྙན་ལམ་གྱི་མཉམ་འབྲེལ་ཚོགས་འདུ་ཐོག་མ་དེ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚཌ་པར་ལས་ཁུངས་ཀྱི་སྨྱན་སྦྱོར་མཉམ་འདྲེས་ཀྱི་ཁྲིམས་ལུགས་བརྙན་ལམ་གྱིས་གསར་འགྱུར་རང་བཞིན་དང་། བཅའ་ཁྲིམས་ཁྱབ་གདལ། སྤུས་རྟགས། ཁྱབ་རྒྱ་ཆེ་བ་བཅས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་སྤུས་རྟཌ་ཤིག་གཏོད་རྒྱུ་་དང་ཆབས་ཅིག་བོད་ཀྱི་ཁྲིམས་ལུཌ་ཚཌ་པར་གྱི་པར་ངོས་བཟོ་བཅོས་རྒྱག་ཆེད། ཉེ་དུས། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་སྨྱན་སྦྱོར་མཉམ་འདྲེས་ཀྱི་ཁྲིམས་ལུགས་བརྙན་ལམ་གྱི་མཉམ་འབྲེལ་ཚོགས་འདུ་ཐོག་མ་དེ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སུ་འཚོགས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་ཁྲིམས་ཨུ་ལྷན་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས། རང་སྐྱོང་ལྗོངས་ཆེས་མཐོའི་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་། རང་སྐྱོང་ལྗོངས་སྲིད་ཁྲིམས་ཐིང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཡེ་ཤེས་རྒྱ་མཚོས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་སྨྱན་སྦྱོར་མཉམ་འདྲེས་བྱས་ནས་ལོ་གཉིས་སོང་རིང་གི་འཕེལ་རྒྱས་གནས་ཚུལ་དང་། ལྷག་པར་དུ་ཁྲིམས་ལུགས་བརྙན་ལམ་གཙོ་གནད་ཐོག་ངོ་སྤྲོད་གནང་ཞིང་། ཁོང་གིས་ཁྲིམས་ལུགས་བརྙན་ལམ་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་སྨྱན་སྦྱོར་མཉམ་འདྲེས་བྱས་པའི་བརྙན་ལམ་ཆེན་པོ་བདུན་གྱི་གྲས་ཤིག་ཡིན་པ་དང་། བོད་ཀྱི་ཁྲིམས་ལུགས་ཚགས་པར་གྱི་ཁ་སྐོང་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཁྲིམས་ལུགས་གསར་འགྱུར་དྲིལ་བསྒྲགས་ཀྱི་ལས་སྟེགས་གལ་ཆེན་གཞན་ཞིག་བཏོད་དེ་ཁྲིམས་ལུགས་བརྙན་ལམ་གྱི་མཉམ་འབྲེལ་ཚོགས་འདུ་དུས་བཀག་བཞིན་འཚོགས་པ་བརྒྱུད་འཕྲལ་མར་རང་ལྗོངས་སུ་ཁྲིམས་ལུགས་གསར་འགྱུར་གླེང་ཆེ་བ་དང་། གནད་ཆེ་བ་དྲིལ་བསྒྲགས་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་གཏོང་བ་དང་ཆབས་ཅིག་ཁྲིམས་སྐྱོང་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།

བོད་ལྗོངས་ཁྲིམས་ལུགས་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཀྲང་ལི་ལིས་PPTལ་བརྟེན་ནས་ཚོགས་ཞུགས་རྣམས་ལ་ཁྲིམས་ལུགས་བརྙན་ལམ་འཛུགས་སྐྱོང་གི་འཆར་གཞི་དང་བོད་ལྗོངས་ཁྲིམས་ལུགས་ཚགས་པར་གྱི་པར་ངོས་བཟོ་བཅོས་ཀྱི་ཇུས་གཞིའི་སྐོར་ངོ་སྤྲོད་བྱས་ཤིང་། ངོ་སྤྲོད་ལ་གཞིགས་ན། ཁྲིམས་ལུགས་བརྙན་ལམ་གྱིས་སླད་ཕྱིན“ཆེད་ལས་ལྡན་པ”དང་། “ཁྲིམས་ལུགས་ཁྱབ་གདལ”“ཞབས་ཞུ་ཐུབ་པ”བཅས་ཐད་ནས་འགོ་བརྩམས་ཏེ《ཁྲིམས་ལུགས་ལ་དམིགས་པ》《གྱོད་དཔེ་དྲངས་ནས་ཁྲིམས་ལུགས་ཤོད་པ》《ཁྲིམས་སྐྱོང་དང་ང་ཚོ་ཚང་མ》《མདུན་ཤོག་ཏུ་འཁོད་པའི་མི་སྣ》སོགས་ཆེད་བསྒྲིགས་ལེ་ཚན་སྤུས་རྟགས་ཆེན་པོ་6ཧུར་ཐག་གཏོད་རྒྱུ་ཡིན་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། བསྟན་འཛིན་བཟང་མོ་དང་པ་ཚེས་ཞུས)