《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

བོད་དམག་ཁུལ་ཁང་གི་སྐྱེལ་འདྲེན་ལུའེ་ཤོག་ཅིག་གིས།

དམག་དཔུང་དང་ས་གནས་གཉིས་བཀུར་ མཉམ་གཏོད་ཀྱི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་1ཉིན་གནས་ཚུལ་འབྱོར་གསལ། གཉིས་བཀུར་མཉམ་གཏོད་ཀྱི་གྲུབ་འབྲས་སྔར་བས་བརྟན་དུ་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་འཚམས་འདྲི་ཚོགས་ཆུང་བོད་དམག་ཁུལ་ཁང་གི་སྐྱེལ་འདྲེན་ལུའེ་ཤོག་ཅིག་ཏུ་འཚམས་འདྲིར་མངགས་ནས་དམག་དཔུང་དང་ས་གནས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་བ་ཟབ་མོ་ལྷུག་པོར་གླེང་བ་དང་། དམག་དཔུང་དང་ས་གནས་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ཐབས་ཇུས་མཉམ་དུ་འཚོལ་ཞིབ་བྱས་པ་རེད།

འཚམས་འདྲི་ཚོགས་ཆུང་དང་བཅས་པས་ལུའེ་ཤོག་དེའི་ལོ་རྒྱུས་ཡིག་ཚགས་ཁང་དུ་བསྐྱོད་ནས་ཚན་པ་དེའི་བགྲང་བྱ་69ཡི་རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཤེས་རྟོགས་བྱས་ཏེ། དེ་སྔ་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་རླངས་འཁོར་དམག་གིས་ལམ་བཟོ་ཞོར་དུ་འགན་ལེན་བྱེད་པའི་དཔའ་བོའི་བྱས་རྗེས་ལ་དྲན་གསོ་བྱས་པ་རེད། དེ་རྗེས་འཚམས་འདྲི་ཚོགས་ཆུང་དཔག་དཔུང་གི་དྲོད་ཁང་ཆེ་མོར་བསྐྱོད་ནས་སྔོ་ཚལ་འདེབས་འཛུགས་དང་མཁོ་སྤྲོད་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལུའེ་ཤོག་དེས་ལོ་ལྟར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཁྲོམ་གཞུང་ཁག་དང་། རྒན་གསོ་ཁང་། སློབ་ཆུང་སོགས་སུ་ཐེངས་མང་བསྐྱོད་དེ“སྲིད་བཀུར་དམངས་གཅེས”ཀྱི་བྱེད་སྒོ་སྤེལ་བར་བཅའ་སྡོད་ཁུལ་གྱི་མང་ཚོགས་ཀྱི་བསྔགས་བརྗོད་ཟབ་མོ་ཐོབ་པ་རེད།