《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月26日

སྤུ་ཧྲེང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་རུ་ཁག་གསུམ་པས།

བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་སྤུ་ཧྲེང་ནས་གློག་འཕྲིན་འབྱོར་གསལ། མངའ་ཁོངས་ཕྱི་ནས་རིམས་ནད་འགོ་བར་འགོག་རྒོལ་བྱེད་པའི་དུས་བབ་ཀྱི་མདུན་དུ་སྤུ་ཧྲེང་རྫོང་གི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་རུ་ཁག་གསུམ་པའི་ཏང་ཀྲི་པུས“ཏང་ཡོན་མི་དམངས་ཉེན་རྟོག་པས་འགན་འཁྲི་འཁུར། རྒྱལ་མཚམས་སུ་རིམས་འགོག་བྱེད་པའི་ཏང་དར་དམར”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

དར་ཆར་སྐད་སྒྲ་མེད་རུང་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཡོད། ཀྲུང་ནེའི་ས་མཚམས་རྡོ་རིང་ཨང་9པའི་མདུན་དུ་ལས་སྒྲུབ་རུ་ཁག་གསུམ་པའི་ཏང་ཡོན་མི་དམངས་ཉེན་རྟོག་པ་ཚོས་ཏང་ཞུགས་དམ་བཅའ་ཡང་བསྐྱར་བཞག་པ་དང་། ཏང་དར་དང་ས་མཚམས་རྡོ་རིང་མདུན་དུ་དམ་བཅའ་ནན་པོ་བཞག་ནས་གུང་ཁྲན་ཏང་ཡོན་གྱི་འགན་འཁྲི་དང་ལས་འགན་ཡང་བསྐྱར་དྲན་ཏེ་རིམས་ནད་དང་འཐབ་པའི་ནུས་པ་འཕེལ་བར་བྱས་ཡོད། དེ་དང་ཆབས་ཅིག མངའ་ཁོངས་ཕྱི་ནས་རིམས་ནད་མ་འགོས་སྔོན་འགོག་གི་ལས་འགན་ལྕི་བའི་དོན་དངོས་ལ་དམིགས་ཏེ་ཏང་ཡོན་མི་དམངས་ཉེན་རྟོག་པ་ཚོས་རང་འགུལ་ངང་འགག་སྒོའི་འཐབ་ས་དང་པོར་ལས་དོན་སྒྲུབ་པར་སྐྱོད་པའི་རེ་འདུན་ཞུས་ཏེ་ཉིན་མཚན་དབྱེར་མེད་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་བ་རེད། ཆེད་ལས་སྨན་དོན་མི་སྣའི་མཛུབ་ཁྲིད་འོག ཏང་ཡོན་མི་དམངས་ཉེན་རྟོག་པས་སྤུ་ཧྲེང་འགག་སྒོའི་མཉམ་བཤེར་ཚོམས་ཆེན་དུ་ཕྱོགས་ཡོངས་དང་། ཁུག་ཆ་མ་ལུས་པ། ཧེ་བག་མེད་པ། ལེབ་བཤེར་རྣམ་པ་བཅས་ཀྱི་འཕྲོད་བསྟེན་གཙང་བཤེར་དང་དུག་སེལ་འགོག་སྲུང་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་ཀྱི་བརྗོད་དོན་མཆོག་ཏུ་བཟུང་ཡོད་པ་རེད། (སྐལ་མཆོག་དང་བདེ་སྐྱིད་ཀྱིས་སྒྱུར་ཞུས་བྱས)