《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月26日

བྱ་ཡུལ་མཐའ་མཚམས་མངགས་གཏོང་ཁང་གིས་དམངས་ལ་ཞབས་འདེགས་ཞུས་པ།

འདི་ལོ་ཤར་ཚུན། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བྱ་ཡུལ་མཐའ་མཚམས་མངགས་གཏོང་ཁང་གིས“དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་དཀའ་ངལ་སེལ་བ། འགལ་ཟླར་བར་འདུམ། ཉེན་ཁ་འགོག་པ། གནད་དོན་ཞིབ་བཤེར། ཟང་ཟིང་བཅོས་སྒྲིག”བཅས་གཙོ་གནད་མཐའ་འཁྱོངས་བྱས་ནས། “རྨང་གཞི་བརྟན་པ་དང་། གནད་དོན་ཉུང་བ། བདེ་འཇགས་ལེགས་པ། ཏང་དང་མི་དམངས་བློ་ཡིད་ཚིམ་པ”བཅས་ཀྱི“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”འཛུགས་སྐྲུན་དམིགས་ཚད་དུ་བྱས་ཏེ། “དྲོ་སྐྱིད་མཚོན་པ་དང་ཞབས་འདེགས་ཞུ་བའི”འཚམས་འདྲི་དང་གྲལ་བཤེར་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

ད་བར་མཐའ་མཚམས་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་དུད་ཚང་220དང་མི་ཐེངས་850ལ་འཚམས་འདྲིར་བསྐྱོད་དེ་ཡུལ་མིའི་རིགས་ཁག་གི་གནད་དོན་40ལྷག་ཙམ་སེལ་རོགས་བྱས་པ་རེད།

འདི་ནི་མི་དམངས་ཉེན་རྟོག་པས་ཤང་སྲིད་གཞུང་གི་ལས་དོན་པ་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།