《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月26日

སྐྱེན་མ་བྱུང་གོང་ནས་ལྡོག ཆུ་མ་ཤོར་གོང་ནས་རགས།

ལྷ་སར་འབྲུབ་འགོག་ཉེན་སེལ་གྱི་དངོས་འཐབ་ནང་སྦྱོང་བྱས་པ།

གཙང་པོ་དང་ཆུ་བོ་གློ་བུར་རྒྱས་པའི་གནོད་འཚེ་སྔོན་འགོག་དང་ཉེན་གཡོལ་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས། འབྲུབ་འགོག་ཉེན་སེལ་རུ་ཁག་གི་དངོས་འཐབ་ཀྱི་ཉམས་མྱོང་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། ལས་བྱེད་པ་དང་མང་ཚོགས་ཚོའི་གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། གནོད་འཚེ་ལས་གཡོལ་བ་བཅས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་གྱིས་ཚད་གཞི་ལས་བརྒལ་བའི་གྲོང་ཁྱེར་གྱི་ཆུ་སྐྱོན་སྔོན་འགོག་གི་ཕྱོགས་བསྡུས་དངོས་འཐབ་ནང་སྦྱོང་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱི་མེ་ཟོན་དང་། ཆུ་བེད། སྤྱི་བདེ། འཕྲོད་བསྟེན་སོགས་འབྲུབ་འགོག་ཐན་འགོག་བཀོད་གཏོང་པུའི་ཁོངས་གཏོགས་ཀྱི་ཚན་པའི་ལས་བྱེད་པ་དང་མང་ཚོགས་3000ལྷག་ནང་སྦྱོང་ལ་ཞུགས་པ་རེད།

ནང་སྦྱོང་བྱ་ཡུལ་དུ་གྲོང་མི་མང་པོ་ལྟད་མོ་ལྟ་བར་ཡོང་ཡོད་ལ། གྲོང་མི་ཝང་ཆེ་གེ་མོས“ལྷ་སའི་ཆར་དུས་སླེབས་ལ་ཉེ་བའི་སྐབས་སུ་ས་གནས་ས་ཐོག་གི་དངོས་འཐབ་ནང་སྦྱོང་བྱས་པ་མཐོང་བས་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ལྷག་པར་དུ་ང་ཚོའི་མེ་ཟོན་རུ་མིས་མྱུར་སྐྱོབ་ཀྱི་བྱ་ཐབས་སྤེལ་བ་མཐོང་དུས། རང་ཉིད་ལ་བདེ་འཇགས་ལྡན་པའི་ཚོར་སྣང་ཆེན་པོ་བྱུང”ཞེས་བཤད།