《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

ཆབ་མདོ་གྲོང་ཁྱེར་གྱིས་བརྟན་ལྷིང་སྲུང་སྐྱོང་དང་སྔོན་འགོག་ཚོད་འཛིན་གྱི་ནང་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་སྔར་བས་ཚད་ལྡན་དང་སྤེལ་ཤུགས་ཆེ་རུ་བཏང་ནས། ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ཟིལ་གྱིས་གནོན་པ་དང་རྡུང་རྡེག་ནན་པོ་གཏོང་ཆེད། ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་ཆུས་རིམ་པ་གཉིས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་སྔོན་འགོག་ཚོད་འཛིན་གྱི་ནང་སྦྱོང་བྱས་པ་རེད།

ཆབ་མདོ་གྲོང་ཁྱེར་གྱིས་རང་ངོས་ཀྱི་ལས་དོན་དངོས་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ད་ཐེངས་ཀྱི་དྲག་ཆས་ནང་སྦྱོང་ཇུས་གཞི་བཟོས་པ་དང་། “ཕྱོགས་ཡོངས་ལ་ཁྱབ་པ་དང་། གཙོ་གནད་མངོན་གསལ་དོད་པ། ཆེད་ཚོགས་ཟུང་འབྲེལ། རིམ་པ་བཞིན་ཚོད་འཛིན”བཅས་ཀྱི་ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་པ། སྐོར་གཡེང་དང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ནན་པོ་བཟོས་པ། གནས་གཏན་འཁེལ་གྱི་སྐོར་གཡེང་དང་འཕྲུལ་སྒུལ་སྐོར་གཡེང་། ལམ་སྐོར་དང་རླངས་འཁོར་གྱི་སྐོར་གཡེང་ཟུང་འབྲེལ་བཅས་བརྒྱུད་ནས་ཐུན་མོང་ཐོག་ཆབ་མདོ་གྲོང་ཁྱེར་གྱི་སྤྱི་ཚོགས་དུས་བདེ་ཡོང་བའི་འགན་ལེན་བྱས་ཏེ། ཉེན་རྟོག་པ་མཐོང་ཚད་དང་། འདྲི་ཞིབ་བྱེད་ཚད། འཛིན་བཟུང་བྱེད་ཚད་བཅས་ཆེ་རུ་ཕྱིན་ཞིང་། གྱོད་གཞི་ཐོན་ཚད་ཆུང་དུ་ཕྱིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་དྲག་ཆས་ནང་སྦྱོང་ལ་ཁྱོན་མི་121ཞུགས་ཤིང་། ཉེན་རྟོག་པ་ཟླ་སྒྲིལ་ཧུར་ཐག་བཏང་བ་དང་། མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་པ། ཉེན་རྟོག་པའི་སྟོབས་ཤུགས་གཞུང་ལམ་དུ་བཀོད་སྒྲིག་གང་ཐུབ་བྱས་པ། སྐོར་གཡེང་དང་སྔོན་འགོག་ཚོད་འཛིན་ཡོངས་ཁྱབ་བཅས་བྱས་ནས“གྱོད་གཞི་ཉུང་ཙམ་ཐོན་པ་དང་། སྒྲིག་ལམ་ཡག་པ། སྤྱི་ཚོགས་བརྟན་ལྷིང་། མང་ཚོགས་བློ་ཡིད་ཚིམ་པ”བཅས་ཀྱི་སྐོར་གཡེང་ཚོད་འཛིན་གྱི་དམིགས་ཚད་ཧུར་ཐག་མངོན་པར་བྱས་ཏེ་གྲོང་ཁྱེར་ཡོངས་སུ་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་རྣམ་པ་ཞིག་བཏོད་ཡོད་པ་རེད།

ད་ཐེངས་ཀྱི་དྲག་ཆས་ནང་སྦྱོང་རིང་། ཆབ་མདོ་གྲོང་ཁྱེར་གྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ(ལས་རོགས་ཉེན་རྟོག)དང་ཁོངས་གཏོགས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་ཀྱིས་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགྱུར་མེད་སྟོབས་ལྡན་གྱི་ཆོད་སེམས་དང་ཉམས་སད་ཐེག་ཐུབ་པའི་བྱང་ཚད་མངོན་པ་མ་ཟད། བརྟན་ལྷིང་སྲུང་སྐྱོང་གི་འཕྲལ་སྡོམ་ནུས་པ་ཆེ་རུ་ཕྱིན་ནས། རྒྱ་ཆེའི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་སྔར་བས་ཆེ་རུ་ཕྱིན་ལ། ཟླ་གསུམ་པའི་རིང་གི་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་རྨང་གཞི་བཟང་པོ་བཏིང་པ་རེད། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)