《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་10ལ་གཞུང་ཞབས་ཁྲིམས་རྩོད་པའི་ཐོབ་ཐང་རག་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ཆོག་མཆན་ཐོབ་པ་བརྒྱུད། བོད་ཀྱི་ས་མཚམས་ནས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་10ལ་གཞུང་ཞབས་ཁྲིམས་རྩོད་པའི་ཐོབ་ཐང་ཐོབ་པ་རེད། འདི་ནི་སྤྱི་ཁྱབ་ས་ཚིགས་བཙུགས་ཚུན་གཞུང་ཞབས་ཁྲིམས་རྩོད་པའི་ཐོབ་ཐང་རག་པའི་མི་དམངས་ཉེན་རྟོག་པ་ཁག་དང་པོ་ཡིན་ཞིང་། ཁོང་ཚོས་སྤྱི་ཁྱབ་ས་ཚིགས་ཀྱི་ཚད་ལྡན་ཡིག་ཆའི་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་དང་། མི་དམངས་ཉེན་རྟོག་པའི་ཁེ་ཕན་དང་འབྲེལ་བའི་གནད་དོན། ཁྲིམས་སྐྱོང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་སོགས་ལ་དམིགས་ཏེ་ཚན་པའི་སྲིད་འཛིན་ཐབས་ཇུས་འགོད་རྒྱུར་བཅའ་ཁྲིམས་ཀྱི་བློ་འདྲི་དང་གྲོས་འགོ་འདོན་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིཌ་ན། ཁོངས་གཏོགས་བསྒྱུར་བ་ནས་བཟུང་། བོད་ཀྱི་ས་མཚམས་ནས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མི་56ལས་གྲུབ་པའི་ཁྲིམས་སྐྱོང་ཤེས་ལྡན་པའི་མཛོད་བཙུགས་ཡོད། དེའི་ནང་མི་21རྒྱལ་ཡོངས་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཀྱི་ཐོབ་ཐང་ཡིག་རྒྱུགས་འཕྲོད་པ་རེད། ད་ཐེངས་གཞུང་ཞབས་ཁྲིམས་རྩོད་པའི་ཐོབ་ཐང་རག་པའི་མི་དམངས་ཉེན་རྟོག་པ་ཚང་མ་ནི་དེའི་ཁྲོད་ནས་བདམས་པ་དང་འོས་སྦྱོར་བྱས་པ་ཤ་སྟག་ཡིན་ལ། སྤྱི་ཁྱབ་ས་ཚིགས་ཀྱིས་གཅིག་གྱུར་དོ་དམ་བྱེད་པ་དང་། ཁོང་ཚོའི་ལས་འགན་གཙོ་བོ་ནིཚན་པས་དོན་ཆེན་གྲོས་བསྡུར་བྱེད་སྐབས་གོ་ཆོད་པའི་བཅའ་ཁྲིམས་ཀྱི་བསམ་འཆར་འདོན་པ་དེ་རེད།

ས་ཚིགས་དེའི་ཁྲིམས་ལུགས་སྡེ་ཚན་གྱི་འགན་འཁུར་བ་སུང་ཙི་ལུང་གིས“གོམ་སྟབས་རྗེས་མར་ང་ཚོས་གཞུང་ཞབས་ཁྲིམས་རྩོད་པར་དོ་དམ་བྱེད་པའི་ལག་བསྟར་ཞིབ་སྲོལ་བཏོན་ནས། སྤྱི་ཁྱབ་ས་ཚིགས་ཀྱི་ལས་སྒོའི་དོན་དངོས་དང་མི་དམངས་ཉེན་རྟོག་པའི་དགོས་མཁོར་དམིགས་ཏེ་བཅའ་ཁྲིམས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། བཅའ་ཁྲིམས་ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། བཅའ་ཁྲིམས་ཞབས་ཞུའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་ཕྱོགས་གསུམ་ནས་ཁྲིམས་དང་མཐུན་ལ་ཚད་ལྡན་ངང་ལས་དོན་སྤེལ་ནས་རང་འཁྲིའི་འགན་འཁྲི་དེ་བས་ཡག་པོའི་ངང་བསྒྲུབ་རྒྱུ་ཡིན”ཞེས་བརྗོད་པ་རེད།