《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཞལ་འདེབས་དངོས་ཟོག་ཧུའུ་པེར་འབྱོར་བ།

ཉེ་ཆར། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ལས་ཁུངས་མི་དམངས་ཉེན་རྟོག་པས་ཞལ་འདེབས་བརྒྱབ་པའི་སྒོར་ཁྲི་60ལྷག་ཙམ་རི་བའི་ཁག་དང་པོའི་རིམས་འགོག་དངོས་ཟོག་ཧུའུ་པེར་འབྱོར་བ་རེད།

པར①ནི་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཞལ་འདེབས་རྒྱག་བཞིན་པ།

པར་②ནི་ཞལ་འདེབས་བརྒྱབ་པའི་རིམས་འགོག་དངོས་ཟོག་ཡིན་པ།

རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་པ་དང་། ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི་སྲོལ་བཟང་དར་སྤེལ་ཤུགས་ཆེན་བཏང་ནས། རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ལས་རོགས་པ་སྒྲིག་འཛུགས་བྱས་ཏེ་ཞལ་འདེབས་འབུལ་བའི་བྱེད་སྒོ་ཧུར་ཐག་སྤེལ་བ་རེད།