《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྤྱི་བདེ་ཅུས་ཀྱིས།

གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་གི་དྲིལ་བསྒྲགས་ལས་དོན་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། མི་དམངས་མང་ཚོགས་ཀྱི་བདེ་འཇགས་འགོག་ཟོན་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པ་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་སྔོན་འགོག གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱ་ཆེད། ཉེ་ཆར། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྤྱི་བདེ་ཅུས་ཀྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དམངས་ཕན་དམངས་བདེའི་ཞབས་ཞུའི་བྱེད་ཐབས་གསར་གཏོད་ཀྱིས་ཆེད་དོན་བྱེད་སྒོའི་དྲིལ་བསྒྲགས་ཚོགས་ཆུང་བཙུགས་ནས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་དྲིལ་བསྒྲགས་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་བ་དང་འབྲེལ། རྒྱ་ཆེའི་མང་ཚོགས་ཀྱི་དོགས་ཟོན་འདུ་ཤེས་ཆེ་རུ་བཏང་བས། བདེ་འཇགས་འགོག་ཟོན་འདུ་ཤེས་ཟབ་ཏུ་ཕྱིན་ཡོད་པ་རེད།

བྱེད་སྒོའི་ཁྲོད། དྲིལ་བསྒྲགས་ཚོགས་ཆུང་གིས་ཁོངས་གཏོགས་ཁུལ་གྱི་དོན་དངོས་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ། གློག་འཕྲིན་དྲ་བའི་ཁ་བསླུས་ཀྱི་རིགས་དང་། ཁྱད་ཆོས། བྱེད་ཐབས་བཅས་གང་འདྲ་བྱས་ཏེ་སྔོན་འགོག་དང་ནག་སེལ་གཤེད་བཅོམ་གྱི་ཁྲིམས་འགལ་ཉེས་གསོག་གི་ཁྱད་ཆོས་དང་ཞུ་གཏུག་རྒྱག་ཐབས་སོགས་དྲིལ་བསྒྲགས་བྱས་པ་མ་ཟད། རྒྱ་ཆེའི་མང་ཚོགས་སྐུལ་སློང་བྱས་ཏེ། ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཐེར་འདོན་བྱ་རྒྱུའི་རེ་འབོད་བྱས་ཁར། དམིགས་ས་ཡོད་པའི་སྒོ་ནས་ལམ་མིར་དྲིལ་བསྒྲགས་དང་དོགས་གཞིར་ལན་བརྒྱབ་པ་རེད། གཞན་ཡང་། དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་ཆེད། དྲིལ་བསྒྲགས་ཚོགས་ཆུང་གིས་ཁོངས་གཏོགས་ཁུལ་གྱི་དངུལ་ཁང་དྲ་ཚིགས་དང་ATMརང་འགུལ་དངུལ་ལེན་ས། སྣུམ་སྣོན་ས་ཚིགས་སོགས་སུ་དྲིལ་བསྒྲགས་ཡི་གེ་སྦྱར་བ་རེད། བྱེད་སྒོའི་ནང་དྲིལ་བསྒྲགས་ཡི་གེ་དང་ཤེས་བྱའི་ལག་དེབ་2000ཙམ་སྤྲད་པ་དང་། དྲིལ་བསྒྲགས་ཡི་གེ་600ཙམ་སྦྱར་བ། མང་ཚོགས་ཀྱི་བློ་འདྲི་ཐེངས་450ཙམ་དང་ལེན་བྱས་པ་རེད།