《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

མི་དམངས་ཉེན་རྟོག་པས།

གློག་འཕྲིན་ཁ་བསླུས་འགོག་ཐབས་ཀྱི་ཤེས་བྱ་བསླབས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་སྔར་བས་མ་ཐོན་སྔོན་འགོག་དང་ཉུང་དུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་110དམངས་ཕན་ཉེན་རྟོག་ཞབས་ཞུ་ཉིང་ལག་རུ་ཁག་དང་། ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱི་མངགས་གཏོང་ཁང་ཁག་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་བོགས་གཏོང་ཁང་པ་དང་ལམ་རྒྱུད་ཀྱི་ཚོང་ཁང་སོགས་ལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་པའི་དྲིལ་བསྒྲགས་ལས་དོན་སྤེལ་བ་རེད།

དེའི་རིང་མི་དམངས་ཉེན་རྟོག་པས་གཅིག་གཏད་གཅིག་གི་འགྲེལ་བཤད་རྒྱག་པའི་ཐབས་ལ་བརྟེན་པ་དང་། དཔེ་མཚོན་གྱོད་གཞིའི་ཐོག་ནས་ཚང་མར་གང་འདྲ་ཞིག་ལ་གློག་འཕྲིན་ཁ་བསླུས་ཟེར་བ་དང་རྒྱུན་མཐོང་གི་གློག་འཕྲིན་ཁ་བསླུས་གང་དག་ཡོད་མེད་འགྲེལ་བཤད་བརྒྱབ་ནས། ཚང་མར་ཆ་རྒྱུས་མེད་པའི་ཁ་པར་དང་འཕྲིན་ཐུང་སོགས་འབྱོར་བའམ་ཡང་ན་དྲ་བ་སྤྱོད་སྐབས་དོགས་ཟོན་བྱེད་དགོས་པ་དང་། ཁ་བསླུས་རྒྱག་མཁན་ལ་གོ་སྐབས་སྤྲོད་རྒྱུ་མེད་པའི་དྲན་སྐུལ་བྱས་པ་རེད།

དེ་རྗེས་མི་དམངས་ཉེན་རྟོག་པས་ད་དུང་མང་ཚོགས་ལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་པའི་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་དང་། ཁ་བསླུས་འགོག་ཐབས་བསླབས་ནས་ཚང་མར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གནས་ཚུལ་འཕྲད་སྐབས། ཡིད་ཆེས་མ་བྱེད་པ་དང་། ཆ་འཕྲིན་མ་གྱར་བ། དངུལ་མ་བསྐུར་བ་བཅས་བྱས་ནས་དུས་ཐོག་ཏུ་གྱོད་དོན་སྙན་སེང་ཞུ་དགོས་པའི་བསླབ་བྱ་བྱས་པ་རེད།