《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས།

“དཔྱིད་ཀྱི་འབྲུག་སྒྲ་དང་པོའི”སྤྱི་ཚོགས་ཀྱི་གཅིག་སྡུད་གཙང་བཤེར་བྱ་སྤྱོད་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། སྤྱི་ཉེ་དུས།ཚོགས་སྤྱི་ཡོངས་ཀྱི་བདེ་འཇགས་དང་བརྟན་ལྷིང་འགན་ལེན་བྱ་ཆེད་གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་གྲོང་ཁྱེར་དེ་ཡོངས་ཀྱི་ཁྱབ་ཁོངས་སུ“དཔྱིད་ཀྱི་འབྲུག་སྒྲ་དང་པོའི”སྤྱི་ཚོགས་ཀྱི་གཅིག་སྡུད་གཙང་བཤེར་བྱ་སྤྱོད་སྤེལ་བ་རེད།

གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་ཁོངས་གཏོགས་ཁུལ་དང། ཡུག་ཁུལ། གནས་བཅས་རེ་རེ་བཞིན་གྱི་བློས་མི་འཁེལ་བའི་མི་དང་ཉེན་ཆེའི་དངོས་རྫས། གཙོ་གནད་ས་ཁོངས་སོགས་སུ་གྲལ་བཤེར་བཅོས་སྒྲིག་བྱས་པ་རེད། “མིར”གཙོ་བོར་དམིགས་ནས“གྲོང་ཁྱེར་ནང་གི་གྲོང་ཚོ”དང་བོགས་གཏོང་ཁང་པ། ཕྱི་འོང་མི་སྣ་འདུ་འཛོམས་ཁུལ། གྲོང་མིའི་ཁུལ་ཆུང་། རྣམ་གྲངས་འཛུགས་སྐྲུན་ཁྱབ་ཁོངས་སོགས་གཙོ་གནད་ཁུལ་དུ་བསྐྱོད་དེ་ཆ་རྒྱུས་མེད་པའི་མིར་གྲལ་བཤེར་བྱས་ཏེ་དུས་ཐོག་ཏུ་འགལ་ཟླའི་རྩོད་གཞི་བསལ་བ་དང་མི་མངོན་པ་དང་ཡིབ་འཛུལ་རྣམ་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མཐའ་གཅིག་ཏུ་བསལ་ཡོད། “དངོས་པོར”གཙོ་བོར་དམིགས་ནས་ཁོངས་གཏོགས་ཁུལ་གྱི་སྣུམ་སྣོན་དང་སོལ་རླངས་ས་ཚིགས་དང་། དམངས་སྤྱོད་འབར་རྫས་བེད་སྤྱོད་ཚན་པ། སྨན་བཅོས་སྒྲིག་གཞི། སྨན་རྫས་ཚོང་ཁང་དང་སྨན་བཅོས་ཁང་སོགས་སུ་བསྐྱོད་དེ་ཉེན་ཆེ་དང་འབར་གས། རིམས་ནད་སོགས་དང་འབྲེལ་བ་ཡོད་པའི་དངོས་རྫས་གཙང་བཤེར་བཅོས་སྒྲིག་དང་གཞུང་བཞེས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཉེས་གསོག་གི་བར་མཐོངས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཆུང་དུ་བཏང་ཡོད། “བྱེད་སྒོ་སྤེལ་ཡུལ”ལ་གཙོ་གནད་དུ་དམིགས་ནས་ཁོངས་གཏོགས་ཁུལ་གྱི་གཙོ་གནད་ཚན་པ་དང་། གལ་ཆེའི་ཁུལ། དམངས་འཚོའི་སྒྲིག་བཀོད་གལ་ཆེན། མཛོད་ཁང་ཆེ་གྲས་བཅས་དང་དེ་བཞིན“བྱེད་སྒོ་སྤེལ་ཡུལ་ཆུང་གྲས་དགུ”དང“མཉམ་ལས་ཁང་གསུམ་དང་བྱེད་སྒོ་སྤེལ་ཡུལ་གཅིག”སོགས་ས་ཁོངས་སུ་བསྐྱོད་དེ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་དུས་ཐོག་ཏུ་རིགས་ཁག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་བ་དང་བདེ་འཇགས་ཀྱི་ཟང་ཟིང་རྣམ་པ་བཅོས་སྒྲིག་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་ཀྱི་བདེ་འཇགས་དང་བརྟན་ལྷིང་འགན་ལེན་མཐའ་གཅིག་ཏུ་བྱས་པ་རེད། ཆང་བཏུངས་འཁོར་གཏོང་དང་དུག་འཐེན་འཁོར་གཏོང་། “ཚད་བརྒལ་གསུམ་དང་ངལ་དུབ་གཅིག”ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ། རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་དང་མི་འཚམ་པ། འཁོར་རྟགས་བཀབ་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་བཅས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་འགན་ལེན་བྱས་པ་རེད།