《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

བོད་ཀྱི་འཕྲིན་གཏོང་ལས་རིགས་ཀྱིས།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རམ་འདེགས་བྱེད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་རང་ལྗོངས་ཀྱི་འཕྲིན་གཏོང་ལས་རིགས་ཀྱིས་རང་ངོས་ཀྱི་ལེཌ་ཆ་འདོན་སྤེལ་གང་ལེགས་བྱས་ནས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཀོད་འདོམས་སྒྲིག་གཞི་དང་། རིམས་ནད་བསྡུ་ཉར་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི། གནམ་ཐང་དང་རླངས་འཁོར་བབས་ཚུགས་སོགས་གཙོ་གནད་ས་ཆའི་འཕྲིན་གཏོང་དྲ་རྒྱ་ཤར་གཏོང་ཐུབ་པ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རམ་འདེགས་བྱས་ཡོད།

རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་གཙོ་གནད་སྨན་བཅོས་སྒྲིག་གཞི་13དང་། གཙོ་གནད་འགྲིམ་འགྲུལ་ལྟེ་གནས་8 གྲོང་ཁྱེར་དུ་སྐྱོད་པའི་སྤྱི་བདེའི་ཞིབ་བཤེར་ས་ཚིགས་གཙོ་བོ་29བཅས་ཀྱི་ཆེད་དོན་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་འཕྲོད་བསྟེན་རིམས་འགོག་དང་སྤྱི་བདེ་སོགས་གཙོ་གནད་ཚན་པའི་ཆེད་དོན་ལམ་ཐིག་976འཁོར་རྒྱུག་རྒྱུན་གཏན་ལྟར་ཡོང་ཆེད། གློག་འཕྲིན་ཁེ་ལས་ཁག་གིས་འཕྲལ་སྡོམ་འཕྲིན་གཏོང་རླངས་འཁོར་30དང་། འཕྲལ་སྡོམ་གློག་ཁུངས་རླངས་འཁོར་86 འཕྲལ་སྡོམ་ཁ་པར་341བཅས་བཀོད་སྒྲིག་བྱས་ཡོད།

རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་བོད་ཀྱི་འཕྲིན་གཏོང་ལས་རིགས་ཀྱིས་དྲ་ཐོག་གི་ལས་གཉེར་ལས་སྒྲུབ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་སྤྱོད་མཁན་ཕྱིར་སྐྱོད་མི་དགོས་པར་ལས་སྒོ་གཉེར་ཐུབ་པའི་སྟབས་བདེ་སྣ་ཚོགས་མཁོ་འདོན་བྱས་ཡོད་པ་རེད།