《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

ཉིང་ཁྲི་མེ་ཟོན་རུ་ཁག་གིས་འགྲིམ་འགྲུལ་ལས་འཛོལ་ཐོན་པའི་རླངས་འཁོར་ཞིག་ལ་རོགས་སྐྱོབ་བྱས་པ།

འདི་ག་ཚགས་པར་ཁང་དུ་ཉིང་ཁྲི་ནས་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་10ཉིན་གྱི་ཆུ་ཚོད་22དང་སྐར་མ་44ལ། ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ལ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་གྱི་བར་མཚམས་ཚད་འཇལ་ས་ཚིགས་ཀྱི་སྨི་100ཡི་སར། འབེབས་འཁོར་ཆེ་གྲས་ཤིག་ཟུར་ལོག་ནས་མི་ཞིག་ཉེན་ཁའི་གནས་སུ་གྱར་བས་འཕྲལ་དུ་མྱུར་སྐྱོབ་བྱེད་དགོས་པའི་ཉེན་བརྡ་ཞིག་འབྱོར། ཉེན་བརྡ་འབྱོར་རྗེས། ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་འཕྲལ་དུ་རོགས་སྐྱོབ་རླངས་འཁོར་གཉིས་དང་རོགས་སྐྱོབ་མི་སྣ་12ལས་འཛོལ་ཐོན་ཡུལ་དུ་རོགས་སྐྱོར་བྱེད་པར་བཏང་བ་རེད།

དགོང་མོའི་ཆུ་ཚོད་12དང་སྐར་མ་40ལ། རོགས་སྐྱོབ་མི་སྣ་ལས་འཛོལ་ཐོན་ཡུལ་དུ་འབྱོར། རྩད་ཞིབ་བྱས་པ་བརྒྱུད་ལས་འཛོལ་ཐོན་པའི་རླངས་འཁོར་དེ་རྒྱལ་ལམ་318ཀྱི་ལམ་ངོས་སུ་གཡོན་ལ་ཟུར་ལོག་པ་དང་། རླངས་འཁོར་དེའི་མདུན་ངོས་ལ་སྐྱོན་ཚབས་ཆེན་ཤོར་ཏེ་ཁ་ལོ་བའི་རྐང་པ་གཉིས་ཁ་ཕྱོགས་བསྒྱུར་ཆས་དང་། འབྱེད་མཐུད་ཡོ་བྱད་ཀྱི་དབར་ལ་ཚུད། ཁ་ལོ་བ་སྡོད་སའི་ནང་རང་དགར་བཟོ་བཅོས་བརྒྱབ་རྐྱེན་རོགས་སྐྱོབ་ལས་དོན་ལ་དཀའ་ཚེགས་ཆེན་པོ་བཟོས་ཡོད།

ལས་འཛོལ་ཐོན་ཡུལ་ནས་ཤེས་རྟོགས་བྱས་རྗེས། རོགས་སྐྱོབ་མི་སྣས་ཉེན་གྱར་མི་སྣའི་བདེ་འཇགས་འགན་ལེན་བྱ་ཆེད། དང་ཐོག་འགྲིམ་འགྲུལ་ཉེན་རྟོག་པ་དང་མཐུན་སྦྱོར་བྱས་ཏེ་ཉེ་འགྲམ་གྱི་འབྲེལ་བ་མེད་པའི་མི་སྣ་ཁ་འགྲེམས་པ་དང་། དེ་རྗེས་རྒྱ་སྐྱེད་ཡོ་བྱད་དང་འདེགས་ཤིང་སོགས་སྤྱད་དེ་སྐྱོན་ཚབས་ཆེན་ཤོར་བའི་རླངས་འཁོར་གྱི་མགོ་གཏུབ་ནས་རོགས་སྐྱོབ་བྱེད་རྒྱ་ཆེ་རུ་བཏང་ཡོད། ཆུ་ཚོད་1དང་སྐར་མ་40ཙམ་སོང་རྗེས་ཉེན་ཁའི་གནས་སུ་གྱར་བའི་མི་དེ་བདེ་བླག་ངང་བསྐྱབས་པ་རེད།