《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

ཆབ་མདོ་མེ་ཟོན་རུ་ཁག་གིས་རྐང་པ་ལྕཌ་དྲའི་ནང་ཚུད་པའི་ཕྲུ་གུ་ཞིག་བདེ་བླག་ངང་བསྐྱབས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་12ཉིན་གྱི་ཆུ་ཚོད་18ཡོལ་ཙམ་ལ། ཆབ་མདོ་གྲོང་ཁྱེར་ནུབ་ལམ་མེ་ཟོན་རོགས་སྐྱོབ་ས་ཚིགས་ལ་ཕྲུ་གུ་ཞིག་གིས་རྩེད་མོར་མགོ་འཁོར་ནས་རྐང་པ་ལྕགས་དྲའི་ནང་ཚུད་པས་འཕྲལ་དུ་རོགས་སྐྱོབ་བྱེད་དགོས་པའི་བཀོད་འདོམས་ལྟེ་གནས་ཀྱི་བཀའ་ཞིག་འབྱོར། ཆབ་མདོ་ནུབ་ལམ་མེ་ཟོན་རོགས་སྐྱོབ་ས་ཚིགས་ཀྱིས་མེ་ཟོན་བཀོད་འཐབ་པ་སྒྲིག་འཛུགས་བྱས་ནས་རོགས་སྐྱོབ་བྱེད་པར་བཏང་བ་རེད།

འདྲི་རྩད་བྱས་པ་བརྒྱུད། ཕྲུ་གུ་དེ་ལྕགས་དྲ་ནས་མཆོང་རྩིས་བྱེད་སྐབས་རྐང་པ་ལྕགས་དྲའི་ནང་དུ་ཚུད་ནས་དོན་ཐབས་བྲལ། རྩད་ཞིབ་བྱས་རྗེས་མེ་ཟོན་རུ་མི་ཞིག་གིས་ཉེན་ཁའི་གནས་སུ་གྱར་བའི་ཕྲུ་གུ་དེའི་ལྷམ་ཕུད་པ་དང་། རུ་མི་གཞན་ཞིག་གིས་ཕྲུ་གུ་དེ་དལ་བུར་བཀྱགས། སྐར་མ་5སོང་རྗེས་ཕྲུ་གུ་དེའི་རྐང་པ་བདེ་བླག་ངང་ལྕགས་དྲའི་ནང་ནས་བཏོན་པ་རེད།

(ཉི་དོན་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)