《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས།

གཤེད་མའི་ཕྱོགས་གཏོགས་ཀྱི་གྱོད་གཞི་ཞིག་ཁྲིམས་བཞིན་ཡུལ་གཞན་དུ་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། མིག་སྔ་ནི་ལྗོངས་ཡོངས་ཀྱིས་ཀུན་སེམས་གཅིག་སྒྲིལ་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སྐབས་ཤིག་རེད་ལ། ནག་སེལ་གཤེད་འཇོམས་ཆེད་དོན་འཐབ་རྩོད་ཀྱི་ལོ་གསུམ་རིང་གི་དམིགས་ཚད་མངོན་འགྱུར་བྱེད་པའི་མཇུག་བསྡུའི་ལོ་ཞིག་ཀྱང་རེད། ཆེད་དོན་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་ཆེད། ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས་རིམས་ནད་ཐོན་རིང་ཕན་ཚུན་འབྲེལ་འདྲིས་མི་བྱེད་པའི་རྩ་དོན་མཐའ་འཁྱོངས་གྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་རྒྱང་ཁྲིད་ཁྲིམས་ར་དང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སྤྱི་བདེ་ཅུས་ཀྱི་རྒྱང་ཁྲིད་འདྲི་རྩད་ཁང་དུ་ཞུ་སྦྱོར་ཕྱི་མ་སྤེན་པ་བཀྲ་ཤིས་སོགས་མི་8ཀྱི་གཤེད་མའི་ཕྱོགས་གཏོགས་གྱོད་གཞིར་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་རེད། ……