《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月18日

བཙོན་ཁང་གི་ཕྱི་ནང་དུ“མཉམ་འཛོམས”སྐོར་གླེང་བ།

—— བོད་ལྗོངས་བཙོན་ཁང་ཁོངས་གཏོགས་ཀྱིས་རྒྱང་རིང་བརྙན་ལམ་གྱི་ཐུག་འཕྲད་བྱས་པ།

“ལྷོ་ཁ་ནས་ཡིན་པའི་ཉེས་ཅན་པ་སྐལ་ཆེ་གེ་མོས་རྐང་བཙུགས་ནས་མི་བསད་པའི་ཉེས་པ་བསགས་ཏེ་བཙོན་དུ་བཅུག་ནས་ལོ་14སོང་བ་དང་། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པ་དང་ཨ་མ་ལོ་ན་མཐོ་ཞིང་ནད་མང་བའི་ཁར་ལམ་ཐག་རིང་བའི་དབང་གིས་བཙོན་དུ་ཚུད་རྗེས་ཐུག་འཕྲད་ལ་ཐེངས་གཅིག་ཀྱང་ཡོང་ཐུབ་མེད། ཉེ་དུས་བཙོན་ཁང་གིས་ཆེད་མངགས་སྐལ་ཆེ་གེ་མོ་དང་ཁྱིམ་མི་རྒྱང་རིང་ཐུག་འཕྲད་ཀྱི་བརྙན་ལམ་བཀོད་སྒྲིག་བྱས་པ་ཡིན”ཞེས་བོད་ལྗོངས་ཆུ་ཤུར་རྫོང་བཙོན་ཁང་གི་མི་དམངས་ཉེན་རྟོག་པ་བློ་བཟང་དབང་ཕྱུག་གིས་བརྗོད་པ་རེད།

དེ་ཉིན་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཁྲིམས་འཛིན་ཅུས་ཀྱིས་ཀུན་ཆེ་གེ་མོའི་ཁྱིམ་མི་དང་ཆུ་ཤུར་བཙོན་ཁང་གི་བརྙན་ལམ་ཐུག་འཕྲད་ཁང་དབར་ཕན་ཚུན་སྦྲེལ་མཐུད་བྱས་ནས་ཉེས་ཁྲིམས་འཁུར་བཞིན་པའི་ཀུན་ཆེ་གེ་མོ་དང་བརྙན་ལམ་བརྒྱུད་གླེང་མོལ་བྱས་པ་རེད། “ཁྱེད་ཚོ་བློ་བདེ་པོ་བྱེད་རོགས། བཙོན་ཁང་གི་བཀོད་སྒྲིག་འོག་ང་རང་ཐང་ག་བཞེངས་པའི་ལག་རྩལ་སློབ་སྦྱོང་བྱེད་བཞིན་ཡོད། ད་ཆ་ངས་རང་རྐྱ་འཕེར་བའི་ངང་ཐང་ག་བཞེངས་ཐུབ་ཀྱི་ཡོད། ངས་མུ་མཐུད་ཐང་ག་བཞེངས་པའི་ལག་རྩལ་སློབ་སྦྱོང་ཡག་པོ་བྱས་ཏེ་བཙོན་ཁང་ནས་དོན་རྗེས་ལག་རྩལ་སྣ་གཅིག་བྱང་ཆུབ་པ་བྱེད་ཀྱི་ཡིན”ཞེས་ཉེས་ཁྲིམས་འཁུར་བཞིན་པའི་བཙོན་པ་ཀུན་ཆེ་གེ་མོས་ཁྱིམ་མིར་རང་ཉིད་བཙོན་ཁང་དུ་སྒྱུར་བཀོད་བྱེད་པའི་འཚོ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

རང་སྐྱོང་ལྗོངས་བཙོན་ཁང་གི་འབྲེལ་ཡོད་འགན་འཁུར་བས། མིག་སྔར་བོད་ཀྱི་བཙོན་ཁང་ཁོངས་གཏོགས་ཀྱི་རྒྱང་རིང་བརྙན་ལམ་ཐུག་འཕྲད་སློབ་རོགས་ལས་སྟེགས་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་དང་སྤྱོད་འགོ་ཚུགས་ཡོད། ལས་སྟེགས་དེ་སྤྱོད་འགོ་ཚུགས་པ་དེས་ལམ་ཐག་རིང་བ་དང་། གཟུགས་པོ་ཐང་པོ་མེད་པ། ཁྱིམ་ཚང་ལ་དཀའ་ངལ་ཡོད་པ་སོགས་ཀྱིས་རྐྱེན་པས་ཐུག་འཕྲད་ལ་ཡོང་མ་ཐུབ་པའི་གནད་དོན་ཐག་གཅོད་དཔྱིས་ཕྱིན་པ་བྱེད་པ་དང་དུས་མཚུངས་བཙོན་ཁང་གི་གཉེན་ཉེའི་སློབ་རོགས་ལ་ལམ་བུ་གསར་པ་ཞིག་བཏོད་པ་དེས་གཉེན་ཉེས་སེམས་པ་འགུག་པའི་ནུས་པ་ཆེ་རུ་སོང་བ་མ་ཟད། སློབ་གསོ་སྒྱུར་བཀོད་ཀྱི་སྤུས་ཚད་མཐོ་རུ་སོང་ནས་བརྩེ་སེམས་ལ་བརྟེན་ནས་མི་སེམས་འགུལ་བའི་ཕན་འབྲས་ཐོན་པ་དེ་ནི་དམངས་ཕན་གྱི་འདུ་འགོད་ཅིག་རེད་ཅེས་བརྗོད་པ་རེད།

(བདེ་བསོད་ཀྱིས་སྒྱུར་ཞུས་བྱས)