《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月18日

ཁུག་ཆ་མི་ལུས་པར་དུག་སེལ་གཙང་སྦྲ་ལེགས་པར་བྱེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་1ཚེས་10ཉིན་ནས་ད་བར་ཅེ་ཏཱ་ཁོར་ཡུག་འཕྲོད་བསྟེན་ཀུང་སིས་རྒྱུན་གཏན་དུས་ཆེན་རིང་གི་ཁོར་ཡུག་འཕྲོད་བསྟེན་ལས་དོན་འགན་ལེན་བྱས་པ་མ་ཟད། མི་ཐེངས་3290སྒྲིག་འཛུགས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་དང་། ཁོར་ཡུག་འཕྲོད་བསྟེན་གྱི་ལས་སྒྲུབ་ཁུལ་མིན་པའི་ཨར་སྐྲུན་བྱ་ཡུལ་དང་འཕྲོད་བསྟེན་གྱི་འགན་འཁྲི་ཁ་གསལ་མེད་པའི་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་ཐད་གནས་པའི་བཙོག་ཟིང་ཞན་གསུམ་ཁུལ་གྱི་ཁུག་ཆ་22ལ་འཕྲལ་སྒྲུབ་བཅོས་སྒྲིག་བྱས་ནས་ཁྱོན་བསྡོམས་འཛུགས་སྐྲུན་དང་འཚོ་བའི་གད་སྙིགས་ཏུན་234གཙང་སེལ་བྱས་པ་རེད།

ཉིན་ལྟར་ཆེད་དོན་མི་སྣས་ཀུང་སིའི་ཁོར་ཡུག་འཕྲོད་བསྟེན་གྱི་ལས་སྒྲུབ་རླངས་འཁོར་260ལྷག་ཙམ་ལ་དུག་སེལ་བྱེད་པ་ཕུད། གྲོང་ཁུལ་གྱི་གད་སྙིགས་འཇོག་ས་དང་སྤྱི་པའི་གསང་སྤྱོད་157སོགས་ལ་དུལ་སེལ་བྱས་ཏེ་གད་སྙིགས་སྣ་ཚོགས་མགྱོགས་མྱུར་དབོར་བ་དང་འབྲེལ་སྤྲིན་ཟམ་དང་། སྤྱི་སྤྱོད་རླངས་འཁོར་བབས་ཚུགས། ཁྲོན་ཁེབས་སྣ་ཚོགས་སོགས་གྲོང་ཁྱེར་གྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་གཙང་འཁྲུད་དུག་སེལ་ཁྱོན་བསྡོམས་ཐེངས་ཁྲི་23བྱས་ཡོད།

འདི་ནི་ཁོར་ཡུག་གད་པས་ཆུ་རགས་ཀྱི་རྒྱབ་ཏུ་དུག་སེལ་བྱེད་བཞིན་པ།