《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月18日

ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས།

ཁང་པའི་ནང་དུ་འཛུལ་ནས་རྐུ་མ་བརྐུས་པའི་ གྱོད་གཞི་ཁག་གཅིག་རྩད་ཆོད་པ།

འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་ཁང་པའི་ནང་དུ་འཛུལ་ནས་རྐུ་མ་བརྐུས་པའི་གྱོད་གཞི་གཅིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན་1བཟུང་བས། སྤྱི་ཚོགས་བདེ་འཇཌ་ཀྱི་སྒྲིག་ལམ་བརྟན་པོ་ཡོང་བར་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

གསར་འགོད་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་1ཚེས་31ཉིན་གྱི་ཆུ་ཚོད་10པ་ལྷག་ཙམ་ལ། ཁོངས་གཏོགས་ཁུལ་གྱི་ཁྱད་ལྡན་ཐོན་ཟོག་ཚོང་ཁང་གི་སྦྱིན་བདག་ཀུའོ་ཆེ་གེ་མོས་ཉི་འོད་གླིང་ཕྲན་ཤར་ཟམ་དུ་ཡོད་པའི་ཁྱད་ལྡན་ཐོན་ཟོག་ཚོང་ཁང་གི་སྒོ་བཅག་ནས་ཐ་མག་རྡར་ཚན་31དང་ཁ་ཆེ་ཤ་སྐམ་རྒྱ་མ་4རྐུ་ཤོར་བར་ཁྱོན་རིན་ཐང་སྒོར་ཁྲི་5ལྷག་ཙམ་ཟིན་ཡོད་ཅེས་ལྷ་ས་གྲོང་ཁྱེར་བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་མི་དམངས་ཉེན་རྟོག་པར་ཞིབ་བཤེར་དང་ཐག་གཅོད་བྱེད་རྒྱུའི་སྙན་སེང་འབྱོར། གྱོད་དོན་སྙན་སེང་འབྱོར་རྗེས། བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་དང་པོའི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་ས་གནས་ས་ཐོག་ཏུ་བརྟག་དཔྱད་དཔང་ལེན་བྱས། ཉེན་རྟོག་པས་བརྟག་དཔྱད་ཞིབ་ཕྲ་བྱས་པ་བརྒྱུད། བློ་ཆེ་གེ་མོར་དོགས་པ་ཡོད་པ་གཏན་འཁེལ་བ་དང་འབྲེལ། ཟླ་2ཚེས་3ཉིན་གྱི་ཆུ་ཚོད་18ཙམ་ལ་པེ་ཅིང་ཤར་ལམ་གྱི་མགྲོན་ཁང་ཞིག་ནས་ཁོ་པ་བཟུང་བ་མ་ཟད། ཁོ་པ་སྡོད་ས་ནས་ཐ་མག་རྡར་ཚན་14དང་ཁ་ཆེ་ཤ་སྐམ་ཁེ་860སྔོག་བཤེར་ཐུབ་པ་རེད། རྩད་ཞིབ་བྱས་པ་བརྒྱུད། བློ་ཆེ་གེ་མོས་ད་དུང་ཉེ་དུས་ལྷ་ས་གྲོང་ཁྱེར་ནས་རྐུ་མ་ཐེངས་8བརྒྱབ་པའི་ཉེས་གསོག་གི་དོན་དངོས་ངོས་ལེན་ཞུས་པ་རེད། མིག་སྔར་བློ་ཆེ་གེ་མོ་ཉེན་རྟོག་གིས་ཉེས་དོན་བཀག་ཉར་བྱས་པ་མ་ཟད་ཐ་མག་རྡར་ཚན་14དང་ཁ་ཆེ་ཤ་སྐམ་ཁེ་860ཀུའོ་ཆེ་གེ་མོར་ཕྱིར་སློག་བྱས་པ་རེད།