《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月18日

བཟའ་བཏུང་ཞབས་ཞུའི་ལས་རིགས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་དགོས་པའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་བརྡ་ཁྱབ།

ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་ལག་བསྟར་བྱས་ཏེ། ནད་དུག་འགོ་ལམ་ནུས་ལྡན་འགོག་པ་དང་། རིམས་ནད་ཁྱབ་པ་བཀག་འགོག བཟའ་བཅའི་སྤུས་ཚད་ཀྱི་བདེ་འཇགས་འགན་ལེན་བཅས་བྱ་ཆེད། རང་སྐྱོང་ལྗོངས་ཀྱི་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལན་རིམ་པ་དང་པོའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། བཟའ་བཏུང་ཞབས་ཞུའི་ལས་རིགས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་ལས་དོན་གྱི་བྱ་ཐབས་དྲུག་སྐོར་གྱི་བརྡ་ཁྱབ་གཤམ་གསལ།

གཅིག བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་དེའི་ཐོན་རྫས་ལས་གཉེར་དང་བཟའ་སྤྱོད་ལ་གཏན་འགོག་བྱེད་དགོས་པ་དང་། བྱ་རིཌ་དང་སྒོ་ཕྱུགས་ཉོ་སྒྲུབ་དང་། གསོ་ཚགས། ཁྲོམ་རར་བཤས་གཏོང་སོགས་གཏན་འགོག་བྱེད་དགོས་པ། ནད་ཀྱིས་རྐྱེན་པས་ཤི་བའམ་ཡང་ན་ཤི་རྐྱེན་མི་གསལ་བ་དང་དེ་བཞིན་ནད་ཡམས་བརྟག་ཞིབ་ཀྱི་ཚད་གཞི་མི་ལོན་པའི་ཤ་རིགས་དང་དེའི་ཐོན་རྫས་ཉོ་སྒྲུབ་དང་སྤྱོད་རྒྱུ་གཏན་འགོག་བྱེད་དགོས་པ་དང་།

གཉིས། རྣམ་པ་གང་རུང་ལ་བརྟེན་ནས་གདན་ཞུ་བྱེད་པའི་མཉམ་འཛོམས་རང་བཞིན་གྱི་བཟའ་བཏུང་ཞབས་ཞུའི་བྱེད་སྒོ་གཏན་འགོག་བྱེད་དགོས་པ་དང་། བཟའ་བཏུང་ཞབས་ཞུའི་ལས་གཉེར་མི་སྣས་ཕྱི་རོལ་དུ་གསོལ་སྟོན་ཞབས་ཞུའི་ཚོང་རྒྱག་རྒྱུ་གཏན་འགོག་བྱེད་དགོས།

གསུམ། རིན་གོང་ཧམ་སྤོར་དང་། བཙན་ཤེད་ཀྱིས་དོན་ཚན་བཟོ་བ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཟོ་བ་སོགས་ཀྱི་བྱེད་སྤྱོད་གཏན་འགོག་བྱེད་དགོས།

བཞི། བཟའ་བཏུང་ཞབས་ཞུའི་ཚན་པ་ཁག་གིས《བཟའ་བཏུང་ཞབས་ཞུའི་བཟའ་བཅའི་བདེ་འཇགས་བཀོལ་སྤྱོད་ཀྱི་ཚད་གཞིའི》བླང་བྱ་ལྟར་ཚོང་གཉེར་བྱས་ནས། ཟོག་འདྲེན་ལ་ཞིབ་བཤེར་དང་ལག་ཁྱེར་དང་འཛིན་ཤོག་ལེན་པའི་ལས་དོན་ཡག་པོ་བསྒྲུབས་ཏེ། གཉེར་སྐྱོང་བཟའ་བཅའི་ཡོང་ཁུངས་བཙལ་ཐུབ་པའི་འགན་ལེན་བྱེད་དགོས་ལ། ཁྲིམས་མཐུན་ལུགས་མཐུན་ཡིན་པ་དང་། བཟའ་བཅའ་ལས་སྣོན་བྱེད་རིང་ཚད་ལྡན་ཡིན་པ། བཟའ་བཏུང་སྣོད་ཆས་ཀྱི་དུག་སེལ་ཚད་ལྡན་ཡིན་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ་མ་ཟད། ཉིན་ལྟར་གཉེར་སྐྱོང་བྱ་ཡུལ་དུ་དུག་སེལ་ཡག་པོ་བྱས་ནས་གཉེར་སྐྱོང་བྱ་ཡུལ་གྱི་རླུང་འགྲོ་ཐུབ་པ་བྱེད་དགོས།

ལྔ། བཟའ་བཏུང་ཞབས་ཞུའི་ཚན་པ་ཁག་གིས་ལས་གཉེར་མི་སྣར་ཞོགས་པ་དང་ཕྱི་དྲོར་ཚ་བ་བལྟ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། ལས་མིར་རིམས་ནད་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཡག་པོ་སྤེལ་ནས་ལས་མི་མི་སྒེར་ལ་བདེ་ཐང་ཡིག་ཚགས་བཟོ་བ་དང་འབྲེལ། ལས་གཉེར་མི་སྣས་ཁ་རས་རྒྱག་པ་དང་སྤྱོད་གཅིག་མའི་ལག་ཤུབས་གྱོན་ནས་བཟའ་བཅར་ལས་སྣོན་དང་ཞབས་ཞུ་བྱ་རྒྱུའི་འགན་ལེན་བྱེད་པ་དང་། ཁ་རས་ཀྱི་ནུས་ལྡན་དུས་བཀག་གཞིར་བཟུང་ཁ་རས་བརྗེ་པོ་རྒྱག་པ་དང་། ལག་པ་ཡང་སེ་འཁྲུ་བ། དབུགས་ལམ་གྱི་ནད་རྟགས(ཚ་བ་རྒྱས་པ་དང་། གློ་རྒྱག་པ། དབུགས་ལམ་ལ་གཉན་ཁ་རྒྱག་པ། ཧབ་ཆི་རྒྱག་པ)ཡོད་པའི་མི་སྣ་དང་འབྲེལ་འདྲིས་དམ་ཟབ་བྱ་རྒྱུར་གཡོལ་ཐབས་བཅས་བྱེད་དགོས། ཚ་བ་རྒྱས་པ་དང་། ཆམ་པ་ཕོག་པ། གློ་བརྒྱབ་པ། དབུགས་ལམ་ལ་གཉན་ཁ་བརྒྱབ་པ་སོགས་ཀྱི་ནད་རྟགས་ཡོད་པའི་ལས་མི་ཡོད་པ་ཤེས་རྟོགས་བྱུང་ཚེ། འཕྲལ་དུ་ལས་མཚམས་འཇོག་ཏུ་བཅུག་ནས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྐྱེལ་དགོས། དེ་དང་ཆབས་ཅིག རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལས་ཡུལ་ཁྱོན་ཡོངས་ལ་དུག་སེལ་བྱེད་དགོས་པ་མ་ཟད། ད་དུང་འབྲེལ་འདྲིས་དམ་ཟབ་བྱེད་མཁན་ལོགས་སུ་འཇོག་དགོས།

དྲུག ཐུམ་རྒྱག་དང་དྲ་ཐོག་ནས་མངགས་ཉོའི་ཞབས་ཞུ་མཁོ་འདོན་བྱེད་མཁན་གཉེར་སྐྱོང་ཚན་པས། ཉིན་ལྟར་ལྟོ་སྣོད་དྲོད་སྲུང་སྒམ་དང་འཁོར་རིགས་ལ་གཙང་སྦྲ་དང་དུག་སེལ་ཡག་པོ་བྱེད་དགོས་པ་མ་ཟད། རབ་བྱུང་ན“ལག་པ་མི་ཐུག་པའི”སྐྱེལ་སྟངས་སྤྱོད་རྒྱུའི་སྐུལ་ལྕག་བྱེད་དགོས།

རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ས་ཁུལ(གྲོང་ཁྱེར)ཁག་གིས་རང་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོ་གཞིར་བཟུང་བབ་མཐུན་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྤྱོད་ཆོག རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རིགས་ཁག་གི་ཁྲིམས་འགལ་སྒྲིག་འགལ་གྱི་བཟའ་བཏུང་ཞབས་ཞུའི་གཉེར་སྐྱོང་བྱེད་སྤྱོད་ཁག་ལ་བཅོས་སྒྲིག་ནན་པོ་དང་རྡུང་རྡེག་ཚ་ནན་གཏོང་དགོས། ཉེས་གསོག་དོགས་པ་ཡོད་རིགས། སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲད་ནས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས། སྤྱི་ཚོགས་ལས་རིགས་ཁག་གིས《བརྡ་ཁྱབ》འདི་ལས་འགལ་བའི་བྱེད་སྤྱོད་ཤེས་རྟོཌ་བྱུང་ཚེ། དུས་ཐོག་ཏུ་ཐེར་འདོན་གོང་ཞུའི་ཁ་པར་12315རྒྱག་དགོས

དེ་དང་དུས་མཚུངས། 2020ལོའི་ཟླ་1ཚེས་27ཉིན་ཁྱབ་བསྒྲཌ་བྱས་པའི《བཟའ་བཏུང་ཞབས་ཞུའི་ལས་གཉེར་ཚན་པས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་དགོས་པའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་བརྡ་ཁྱབ》མེད་པར་བཟོ་རྒྱུ།

ཆེད་མངགས་བརྡ་ཁྱབ་འདི་བཏང་བ་ཡིན།

བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

2020ལོའི་ཟླ་2ཚེས་6ཉིན།