《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月18日

སྐྱེས་པ་ཞིག་གིས་ཆང་རག་བཏུངས་རྗེས་ཉེན་རྟོག་པར་དམའ་འབེབས་ བཏང་བས་ཁྲིམས་ལྟར་བཀག་ཉར་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་5ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོ་ཙམ་ལ། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སྤྱི་བདེ་ཅུས་བྲག་ཡེར་པའི་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས(ལས་རོགས)ཉེན་རྟོག་པས་འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་ལ་འཆར་ཅན་ཞིབ་བཤེར་བྱེད་སྐབས། བྱེས་བགྲོད་རླངས་འཁོར་ཞིག་གི་ཁ་ལོ་བ་མཱ་ཆེ་གེ་མོའི་གཟུགས་པོ་ནས་ཆང་དྲི་འཐུལ་བ་རེད། བརྟག་དཔྱད་བྱས་པ་བརྒྱུད་ཆང་བཏུངས་འཁོར་གཏོང་གི་ཁྲིམས་འགལ་བྱེད་སྤྱོད་ཁོངས་སུ་གཏོགས་ཀྱི་ཡོད། དེ་རྗེས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་འཕྲལ་མར་སྟག་རྩེ་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ལ་སྔར་བས་བརྟག་དཔྱད་དང་ཐག་གཅོད་བྱེད་དགོས་པའི་རེ་བ་ཞུས་པ་རེད།

དེའི་རིང་ཁ་ལོ་བའི་འགྲམ་དུ་བསྡད་པའི་སྐྱེས་པ་ཅཱ་ཆེ་གེ་མོས་ར་བཟི་བཤད་ནས་མི་དམངས་ཉེན་རྟོག་པའི་ཞིབ་བཤེར་ལ་གཞོགས་འདེགས་མ་བྱས་ཤིང་། མི་དམངས་ཉེན་རྟོག་པར་དམའ་འབེབས་བཏང་བ་མ་ཟད། འཇིགས་སྐུལ་ཡང་བྱས་པ་རེད།

དེ་རྗེས། སྟག་རྩེ་ཆུས་སྤྱི་བདེ་ཅུས་ལྟ་ཞིབ་རུ་ཆེན་དང་འབྲོམ་སྟོད་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འཕྲལ་མར་ཅཱ་ཆེ་གེ་མོར་འབྲེལ་ཡོད་བརྟག་དཔྱད་དཔང་ལེན་དང་ཞིབ་བཤེར་གྱི་ལས་དོན་སྤེལ་བ་རེད། ཅཱ་ཆེ་གེ་མོས་རང་ཉིད་ཀྱིས་ཆང་རག་བཏུངས་ནས་དོན་མེད་ལས་རྙོག་བཟོས་ཏེ་མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་ལས་དོན་བསྒྲུབ་རྒྱུར་འགོག་རྐྱེན་བཟོས་པའི་ཁྲིམས་འགལ་བྱེད་སྤྱོད་ལ་ངོས་ལེན་ཞུས་པ་རེད། མིག་སྔར། བྲག་ཡེར་པ་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཅཱ་ཆེ་གེ་མོ་སྟག་རྩེ་ཆུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ལ་སྔར་བས་བརྟག་དཔྱད་དང་ཐག་གཅོད་བྱེད་རྒྱུར་རྩིས་སྤྲད་པ་རེད།