《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月18日

རང་སྤེལ་གྲོས་འདོན་ཡི་གེ་ཞིག་གི་ཆོད་སེམས།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དང་གུང་གསེང་རིང་གི་སློབ་གྲྭའི་བརྟན་ལྷིང་ལས་དོན་ལེགས་པར་སྒྲུབ་ཆེད། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་འཕྲལ་སྡོམ་བརྡ་ལན་ལམ་སྲོལ་ལག་ལེན་བསྟར་ནས《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བོད་ལྗོངས་མི་རིགས་སློབ་ཆེན་གྱི་ལས་ཀའི་ཇུས་གཞི》བཟོས་ཏེ། སློབ་གྲྭས་ཁྲིམས་བཞིན་དང་། ཚན་རིག་དང་མཐུན་པ། ཚད་དང་ལྡན་པ། གོ་རིམ་ལྡན་པ། ནུས་པ་ཆེ་བ་བཅས་ཀྱི་སྒོ་ནས་རིམས་ནད་ལ་ཁ་གཏད་གཅོག་པ་དང་དགེ་སློབ་དང་ལས་བཟོ་ཚོའི་གཟུཌ་གཞི་བདེ་ཐང་འགན་ལེན་བྱས་པ་རེད།

“ལོ་རིམ་དང་པོ་དང་། གཉིས་པ། གསུམ་པ”བཅས་ཀྱི་རྒྱུན་རྣམ་ཅན་གྱི་དོ་དམ་ལམ་སྲོལ་ལག་ལེན་བསྟར་ནས། སློབ་གྲྭ་དེ་ཡོངས་ཀྱི་ཟུར་ཁྲིད་པ་73དང་། འཛིན་བདག་དང་ཆ་སྒྲིག་རོགས་སྐྱོར་གྱི་འཛིན་བདག་296གིས་ཉིན་ལྟར་ཁ་པར་དང་། སྐད་འཕྲིན་ཚོགས་པ། QQཚོགས་པ་བཅས་བརྒྱུད་དེ་སློབ་གྲྭའི་སློབ་མ་9968ལ་གྲལ་བཤེར་བྱས་ནས་སློབ་མའི་སྡོད་གནས་དང་གཟུགས་པོའི་གནས་ཚུལ་དྲིས་པ་དང་སྦྲགས། སློབ་མ་ཚོས་འགོག་སྲུང་ཡག་པོ་བྱས་ཏེ། རང་གི་གཟུགས་པོ་བདེ་ཐང་ཡོང་རྒྱུ་འགན་ལེན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

ཁང་པའི་ཕྱི་ནང་དུ་གཙང་སྦྲ་དུག་སེལ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། ཉིན་ལྟར་ལྷོ་བྱང་གི་གནས་གཏན་འཁེལ་ས་ཁོངས་དང་། འབྲེལ་ཡོད་གཞུང་ལས་ཁང་། བཀོད་འདོམས་ལྟེ་གནས་གཞུང་ལས་ཁང་བཅས་སུ་དུག་སེལ་ཐེངས་3བྱས་པར་ཉིན་རེར་མི་ཐེངས་24བཏང་ཡོད་པ་རེད། སློབ་གྲྭའི་ཟ་ཁང་གི་ཁ་ལག་མཁོ་སྤྲོད་ལས་དོན་ཡག་པོ་བསྒྲུབས་པ་དང་འབྲེལ། ཁ་ལག་བཏང་རྗེས་ཟ་ཁང་དུ་དུག་སེལ་ཐེངས་3བྱས་པ་དང་། ད་དུང་ལས་གནས་ཐོག་མི་སྣས་ལག་པ་ཡང་སེ་འཁྲུ་བ་དང་། ཁ་རས་རྒྱག་པ། ཉིན་ལྟར་ཡར་འཛུལ་མར་དོན་བྱེད་སྐབས་ཚ་བ་ལྟ་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

(པ་ཚེས་བསྒྱུར། པ་དཀོན་གྱིས་ཞུས)