《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

ཁྲིམས་ཆད་ནན་པོ་བཅད་པ།

སྨན་རྫས་ཚོང་ཁང་གིས་ཁྲིམས་དང་མ་མཐུན་པར་སྨན་རིན་གང་བྱུང་དུ་སྤར་ཞིང་། སྡེབ་ཉོ་བྱེད་སྐབས་ཤེལ་བུམ་རེར་སྒོར་0.98ཡིན་པའི་84དུག་སེལ་གཤེར་ཁུར་སྒོར་6བྱས་ནས་བཙོངས་ཡོད། ཏ་པད་ཚལ་གྱི་རྒྱ་མ་རེར་སྒོར་1.39ཞེས་བྲིས་ཡོད་རུང་དངོས་སུ་འཚོང་སྐབས་རྒྱ་མ་རེར་སྒོར་7བྱས་ནས་འཚོང་གི་ཡོད། གསར་འགོད་པས་ཧོ་པེ་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་ཚུན། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཟོག་གོང་གང་བྱུང་དུ་སྤོར་བ་དང་། རིན་གོང་གསལ་པོ་བཀོད་མེད་པ། ཆ་འཕྲིན་རྫུན་མ་དྲིལ་བསྒྲགས་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་དང་རྡུང་རྡེག་བཏང་བ་རེད།