《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

ཁྱད་ལྡན་སྒོག་པ་བཏབ་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་གཏོད་པ།

གཞིས་རྩེ་གྲོང་ཁྱེར་གྱི་རྒྱལ་རྩེའི་སྒོག་པ་འདེབས་འཛུགས་ལ་ལོ་ངོ་200ལྷག་ཙམ་གྱི་ལོ་རྒྱུས་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་རྩེའི་སྒོག་པའི་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་ཆེད། རྒྱལ་རྩེ་རྫོང་གིས་སྒོག་པ་མངར་སྐྱུར་ལས་སྣོན་བཟོ་གྲྭ་འཛུགས་རྒྱུར་རོགས་སྐྱོར་བྱས་པ་དང་ཆབས་ཅིག ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་ཆེད། ཐབས་ལམ་རྒྱ་ཆེར་ཧུར་ཐག་བཏང་ནས་ཞིང་འབྲོག་པའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟབས་མགྱོགས་སུ་བཏང་བ་རེད།

འདི་ནི་རྒྱལ་རྩེ་རྫོང“ཨ་ཞང”སྒོག་པ་མངར་སྐྱུར་ལས་སྣོན་བཟོ་གྲྭའི་བཟོ་པས་སྒོག་པའི་ཐོན་རྫས་ཐུམ་སྒྲིལ་རྒྱག་བཞིན་པ།