《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

སྣང་རྫོང་དུང་དཀར་གྲོང་རྡལ་བཀྲ་ཤིས་ཐང་གྲོང་ཚོར།

མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱས་ནས་ཁུག་གསེང་མེད་པར་གྲལ་བཤེར་བྱེད་པ།

འདི་ག་ཚགས་པར་ཁང་དུ་ཉིང་ཁྲི་ནས་གློག་འཕྲིན་འབྱོར་གསལ། བཀྲ་ཤིས་ཐང་གྲོང་ཚོ་ནི་སྣང་རྫོང་དུང་དཀར་གྲོང་རྡལ་ཁོངས་སུ་གཏོགས་ཤིང་། གྲོང་རྡལ་སྲིད་གཞུང་གནས་ས་ནས་ལམ་ཐག་སྤྱི་ལེ་12དང་། རྫོང་གྲོང་བར་ལམ་ཐག་སྤྱི་ལེ་42ཡོད་ཅིང་། འགྲིམ་འགྲུལ་སྟབས་བདེ་པོ་ཡོད་པ་དང་། གྲོང་ཚོར་དུད་ཚང་67གྱི་མི་206ཡོད། ཏོག་གསར་གློ་ཚད་ཐོན་རྗེས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བཀྲ་ཤིས་ཐང་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་དུ་བརྡ་ལན་ཧུར་ཐག་ཞུ་བ་དང་བྱ་སྤྱོད་གང་མགྱོགས་སྤེལ་ནས། ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་ཚོ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ཡག་པོ་ནུས་ལྡན་སྤེལ་བ་རེད།

བཀྲ་ཤིས་ཐང་གྲོང་ཚོས་གཞི་རིམ་ཏང་ཡོན་དང་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་སྐུལ་སློང་གིས་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་། གྲོས་འདོན་ཡི་གེ་སྤྲོད་པ། གྲོང་ཚོ་རིམ་པའི་འཕྲལ་སྡོམ་རྒྱང་བསྒྲགས་གཏོང་བ། ཉིན་ལྟར་སྐད་འཕྲིན་དུ་དྲིལ་བསྒྲགས་བྱེད་པ་སོགས་བྱ་ཐབས་སྣ་ཚོགས་སྤྱད་དེ། ཏོག་གསར་གློ་ཚད་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་རེད།

(དོན་གྲུབ་ཀྱིས་བསྒྱུར། དོན་གྲུབ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)