《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

2019ལོར་རྒྱལ་ཡོངས་ཀྱིས“འཆལ་རྡུང་ལོག་སེལ”ལ་རྒྱུན་མཐུད་ཤུཌ་སྣོན་བརྒྱབ་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་བརྙན་ལམ་སྦྲེལ་མཐུད་ཀྱི་བྱེད་ཐབས་སྤྱད་དེ་ཝུའུ་ཧན་དང་། ཀོང་ཀྲོའུ། ཤིས་ཨན། ཧྲི་ཅ་ཀྲོང་སོགས་ས་ཁུལ་གྱི་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་གི་གནས་ཚུལ་ཤེས་རྟོགས་བྱས་པ་དང་། ས་ཁུལ་ཁག་གི་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ་མཛུབ་ཁྲིད་དང་བཀོད་གཏོང་གིས་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་སྟེ་རིམས་འགོག་མཁོ་ཆས་སྣ་ཚོགས་དང་གྲོང་མིའི་འཚོ་བའི་མཁོ་ཆས་སྣ་ཚོགས་ཀྱི་རིན་གོང་བརྟན་པོ་དང་། སྤུས་ཚད་བདེ་འཇགས། མཁོ་སྤྲོད་རྒྱུན་མི་ཆད་པ་བཅས་ཀྱི་འགན་ལེན་བྱས་ནས་ཁྲོམ་ར་གོ་རིམ་ལྡན་ལ་ཟང་ཟིང་མི་ཡོང་བའི་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཏང་ཙུའི་ཧྲུའུ་ཅི་ཤའོ་ཡཱ་ཆིང་གིས། མིག་སྔ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་ཤིག་རེད། རིམས་འགོག་མཁོ་ཆས་དང་བཟའ་བཅའ་སོགས་ཀྱི་རིན་གོང་བརྟན་པོ་དང་། སྤུས་ཚད་བདེ་འཇགས། ཁྲོམ་རའི་མཁོ་སྤྲོད་བཅས་འགན་ལེན་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་རེད། ཐོན་སྐྱེད་དང་ཚོང་གཉེར་བྱེད་མཁན་ཚོས་དྲང་བདེན་དང་ཀུན་སྤྱོད་ཀྱི་མཐའ་ཚད་བརྟན་པོར་བསྲུངས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་། “རིན་གོང་འགན་ལེན་དང་། སྤུས་ཚད་འགན་ལེན། མཁོ་སྤྲོད་འགན་ལེན”བཅས་ཀྱི་བྱ་སྤྱོད་རབ་དང་རིམ་པའི་ནང་ཧུར་ཐག་ཞུཌ་ཏེ་ཐབས་ལམ་ཤར་བགྲོད་དང་མཁོ་སྤྲོད་འགན་ལེན་གྱིས་འཛད་སྤྱོད་པ་ཚོར་བློ་བདེའི་ཚོང་ཟོག་དང་གོང་ཁེའི་ཚོང་ཟོག་མཁོ་འདོན་ཧུར་ཐག་བྱེད་དགོས་པ་དང་། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་རང་འགུལ་ངང་ཕར་རྒོལ་བྱས་ནས་འབེལ་ཉོ་དཀོན་ཚོང་དང་རིམས་ནད་ཐོན་སྐབས་སུ་ཕྱུག་པོ་ཆགས་ཐབས་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་སྟེ་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བརྗོད་པ་རེད།