《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱིས་བརྗོད་དོན།

སྤྱིར་བཏང་གི་ཁ་རས་དང་བཟོ་ལས་ཀྱི་རྡུལ་འགོག་ཁ་རས་སྨན་པས་སྤྱོད་པའི་ཁ་རས་ཡིན་ཁུལ་བྱས་ཏེ་འཚོང་མཁན་ལ་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱེད་དགོས།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱིས་རྫུན་ལྷད་ཞན་གསུམ་གྱི་སྨན་རྫས་དང་སྨན་བཅོས་ཡོ་བྱད་བཟོ་འཚོང་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྨན་རྫས་དང་སྨན་བཅོས་ཡོ་བྱད་བདེ་འཇགས་ཏན་ཏིག་ཡོང་བ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་བ་རེད། སྨན་བཅོས་ཡོ་བྱད་ཁྱབ་ཁོངས་སུ་སྤྱིར་བཏང་གི་ཁ་རས་དང་བཟོ་ལས་རྡུལ་འགོག་ཁ་རས་སྨན་པས་སྤྱོད་པའི་ཁ་རས་ལ་བརྩི་རིགས་དང་། དུས་ཡོལ་ཕན་མེད་དམ་ཡང་ན་བེད་སྤྱོད་ཟིན་པའི་སྨན་པས་སྤྱོད་པའི་ཁ་རས། དེ་བཞིན་སྨན་པས་སྤྱོད་པའི་འགོག་སྲུང་གྱོན་ཆས་སོཌ་ཀྱི་འགོག་སྲུང་ཐོན་རྫས་ཁྲིམས་ལས་འགལ་ནས་ཚུར་བསྡུ་བེད་སྤྱོད་དང་བཟོ་བ་དང་འཚོང་བ། དེ་བཞིན་ཐོ་འགོད་མ་བྱས་པ་དང་རྒྱལ་ཁབ་ཀྱི་བཙན་ཤེད་རང་བཞིན་གྱི་ཚད་གཞིའམ་ཡང་ན་ཐོན་རྫས་ལག་རྩལ་གྱི་བླང་བྱ་དང་མ་མཐུན་པའི་སྨན་བཅོས་ཡོ་བྱད་ཕྱིར་ཚོང་བྱེད་པ་སོཌ་ཀྱི་ཁྲིམས་འགལ་བྱེད་སྤྱོད་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།

བརྡ་ཐོའི་ནང་། གཉེར་སྐྱོང་ཁེ་ལས་ཀྱི་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་ཐོ་འགོད་ངོ་སྤྲོད་ཡིག་ཆ་དང་། སྨན་རྫས་འཐེན་ལམ། གསོག་འདྲེན་ཆ་རྐྱེན་བཅས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ནས། ཁྲིམས་མཐུན་ཐབས་ལམ་བརྒྱུད། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཉོ་རྒྱུ་དོན་འཁྱོལ་ནན་པོ་བྱེད་རྒྱུར་སྐུལ་འདེད་བཏང་སྟེ། ཁྲིམས་སྲོལ་གཏན་འབེབས་དང་གསལ་བཤད་ཡི་གེའི་བླང་བྱ་ལྟར་ཉར་འཇོག་སྐྱེལ་འདྲེན་བྱེད་པ་དང་། སིལ་ཚོང་ཁེ་ལས་ཀྱི་ལས་སྒྲུབ་སྨན་གཉེར་བས་སྨན་ཐོར་ཞིབ་བཤེར་དང་སྨན་སྤྱོད་མཛུབ་ཁྲིད་ཀྱི་འགན་འཁྲི་ཁུར་ཏེ། ནད་དུག་དང་དུག་སྲིན་འགོག་པའི་སྨན་རིགས་ཉོ་མཁན་ལ་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་ནས་མུན་འཐོམས་ཧབ་ཉོ་དང་ཉར་གསོག་བྱེད་རིཌ་གཏན་འགོག་བྱེད་དགོས། དྲ་ཐོག་ཕྱིར་ཚོང་གི་ཕྱོགས་གསུམ་པའི་ཞབས་ཞུའི་ལས་སྟེགས་ཀྱིས་འགན་འཁྲི་ཏན་ཏིག་འཁུར་མིན་ལ་ལྟ་སྐུལ་ནན་པོ་བྱས་ནས། སྨན་རྫས་དང་སྨན་བཅོས་ཡོ་བྱད་དྲ་ཐོག་ཕྱིར་ཚོང་ནང་ཞུགས་པའི་ཁེ་ལས་ཀྱི་ཐོ་འགོད་ཞིབ་བཤེར་དང་ཆ་འཕྲིན་ཡོངས་བསྒྲགས་ལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་མཁོ་བའི་སྨན་རྫས་དང་སྨན་བཅོས་ཡོ་བྱད་ལ་འཐེན་བཤེར་ཞིབ་དཔྱད་བྱེད་ཤུཌ་ཆེ་རུ་བཏང་སྟེ། མིའི་གཟུགས་གཞི་བདེ་ཐང་ལ་གནོད་པའི་སྨན་རྫས་དང་ཁྲིམས་གཏན་འཁེལ་བའི་བླང་བྱ་དང་མི་མཐུན་པའི་སྨན་བཅོས་ཡོ་བྱད་ཤེས་རྟོགས་བྱུང་ཚེ། འཕྲལ་མ་ཉིད་དུ་ཁྲིམས་བཞིན་སྒོ་ཐེལ་རྒྱག་པ་དང་བཀག་ཉར་སོཌ་ཀྱི་བྱ་ཐབས་སྤྱོད་དགོས་པ་དང་། གནད་དོན་ཡོད་པའི་ཐོན་རྫས་འཕྲལ་མ་ཉིད་དུ་ཚོད་འཛིན་བྱས་ནས་མུ་མཐུད་ཁྲོམ་རར་ཤོར་ཏེ་ཉེན་ཁ་ཚབས་ཆེན་བཟོ་རིགས་གཏན་འགོག་ནན་པོ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།