《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

མྱུར་བགྲོད་ལྕགས་ལམ་གྱི“བདེ་འཇཌ་སྲུང་དམག”

རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་ཏེ་འགྲུལ་པའི་བདེ་འཇགས་འགན་ལེན་བྱ་ཆེད། ཀྲུང་གོ་ལྕགས་ལམ་ཁྲེང་ཏུའུ་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ཀུའེ་དབྱང་འཁོར་རིགས་དུམ་བུ་ཀུའེ་དབྱང་ཤུགས་འགྲེམས་མེ་འཁོར་བེད་སྤྱོད་སུའོ་བྱང་མ་དང་ཀྲུང་གོ་ལྕགས་ལམ་ཁྲེང་ཏུའུ་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ཀུའེ་དབྱང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་མི་སྣས་ཉེ་ཆར། ཉིན་ལྟར་དགོང་མོའི་ཆུ་ཚོད་བདུན་པ་ནས་ཉིན་གཉིས་པའི་ཐོ་རེངས་ཆུ་ཚོད་ལྔ་དང་ཕྱེད་ཀའི་བར་ཤུགས་འགྲེམས་མེ་འཁོར་བེད་སྤྱོད་སུའོ་ཡི་བབས་ཚུགས་སུ་མཐའ་མ་འབྱོར་མཁན་མེ་འཁོར་ཚང་མར་རིམས་ནད་སྔོན་འགོག་གི་དུག་སེལ་ལས་དོན་སྤེལ་ནས་ཀུའེ་དབྱང་ནས་ཐོན་པའི་མེ་འཁོར་ཚང་མར་ནན་ལ་ཞིབ་ཚགས་པའི་དུག་སེལ་འགན་ལེན་བྱས་པ་རེད། འདི་ནི་ཟླ་2ཚེས་2ཉིན། རིམས་ནད་སྔོན་འགོག་གི་དུག་སེལ་ལས་དོན་མི་སྣ་ཤུགས་འགྲེམས་མེ་འཁོར་འགྲམ་ནས་སྐྱོད་བཞིན་པ།