《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

དཀའ་ངལ་ཡོད་དོ་ཁྱད་དུ་བསད། མེ་ཟོན་བདེ་འཇགས་འགན་ལེན་བྱས།

↑ བཀོད་འཐབ་པས་མཐའ་མཚམས་མང་ཚོཌ་ལ་མེ་ཟོན་གྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

↑ བཀོད་འཐབ་པས་མང་ཚོགས་ལ་མེ་གསོད་ཡོ་བྱད་སྤྱོད་སྟངས་སློབ་བཞིན་པ།

འདི་ནི་ནགས་ཚལ་མེ་ཟོན་དཔོན་དམག་གིས་ནགས་ཚལ་ཐོན་ཁུངས་སྲུང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པའི་བོད་ལྗོངས་ནཌ་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་རྒྱ་ཆེའི་བཀོད་འཐབ་པ་ཚོས་གངས་རི་དང་ནགས་ཚལ་སྒྲོལ་ནས་སྤྱི་ལེ་ཆིག་སྟོང་ཕྲག་ལྷག་ཙམ་གྱི་གངས་ལྗོངས་ས་མཐོའི་སྣོད་བཅུད་འཐབ་སར་བྲེལ་བརྩོན་ཆེ་བའི་ལས་ལ་ཞུཌ་ཏེ་དཔྱིད་གསར་དུས་ཆེན་རིང་གི་ནཌ་ཚལ་མེ་ཟོན་གྱི་ལས་དོན་ཡག་པོ་བསྒྲུབས་པ་རེད།

བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ས་མཐོའི་སྣོད་བཅུད་ཉམས་ཞན་ཁུལ་དུ་གཞིས་ཚུགས་ཏེ་ཉིང་ཁྲི་དང་ཆབ་མདོ་སོགས་ཀྱི་གཙོ་གནད་ནགས་ཁུལ་དང་མེ་སྐྱོན་ཐོན་མང་སར་ནགས་ཚལ་མེ་ཟོན་གྱི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་ས་གནས་ཀྱི་ནགས་སྲུང་པར་ཆེད་ལས་ཀྱི་གསོ་སྦྱོང་བྱས་པ་མ་ཟད་ཆེད་མངགས་མདུན་ཕྱོགས་ཀྱི་བཅའ་སྲུང་ཡན་ལག་རུ་ཁག་3མངགས་ཏེ་ལྷོ་ཁ་དང་། གཞིས་རྩེའི་སྐྱིད་གྲོང་དང་འགྲམ་མཐའ་མཚམས་གདོད་མའི་ནགས་ཁུལ་བཅས་སུ་བཅའ་སྡོད་བྱས་ནས་ནགས་ཁུལ་གྱི་སྐོར་སྲུང་དང་མེ་ཟོན་ཞིབ་བཤེར་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་དཔྱིད་གསར་དུས་ཆེན་རིང་མེ་སྐྱོན་མི་ཐོན་པའི་འགན་ལེན་བྱས་པ་རེད།