《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་།

རང་ལྗོངས་ཀྱིས་ཁྲིམས་འགལ་མ་དངུལ་བསྡུ་རུབ་ལ་འགོག་ཟོན་བྱེད་པའི་དྲིལ་བསྒྲཌ་སློབ་གསོ་སྤེལ་ཤུཌ་ཆེ་རུ་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་དུས། རང་ལྗོངས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། 《བོད་རང་སྐྱོང་ལྗོངས་ཀྱི་2020ལོའི་དཔྱིད་གསར་དུས་ཆེན་རིང་ཁྲིམས་འགལ་མ་དངུལ་བསྡུ་རུབ་ལ་འགོག་ཟོན་བྱེད་པའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་རྒྱུའི་བརྡ་ཐོ》བཀྲམ་པ་རེད།

《བརྡ་ཐོའི》ནང་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད《ཁྲིམས་འགལ་མ་དངུལ་བསྡུ་རུབ་ལ་འགོག་ཟོན་དང་ཐག་གཅོད་བྱེད་པའི་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》དང《ཁྲིམས་འགལ་གྱི་དངུལ་རྩའི་སྒྲིག་གཞི་དང་ཁྲིམས་འགལ་གྱི་དངུལ་རྩའི་ལས་སྒོའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་གཏན་འགོག་བྱ་ཐབས》སོགས་ཁྲིམས་འགལ་མ་དངུལ་བསྡུ་རུབ་ལ་འགོག་ཟོན་དང་རྡུང་རྡེག་གཏོང་བའི་སྐོར་གྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་ཡིག་ཆ་སྒྲོག་འགྲེལ་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཚོས་ཁྲིམས་ལྟར་རྒྱུ་ནོར་བདག་གཉེར་བྱེད་པའི་འདུ་ཤེས་འཛུགས་རྒྱུར་རོགས་རམ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

《བརྡ་ཐོའི》ནང་དཔེ་མཚོན་གྱི་གྱོད་གཞི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་ཉེ་བའི་ལོ་ཤས་རིང་ཞིབ་བཤེར་ཐག་གཅོད་ཐུབ་པའི་དཔེ་མཚོན་གྱི་ཁྲིམས་འགལ་མ་དངུལ་བསྡུ་རུབ་ཀྱི་གྱོད་གཞི་གཙོ་གནད་དྲིལ་བསྒྲགས་བྱས་པ་དང་། གྱོད་གཞིགས་ཁྲིམས་འགྲེལ་དང་སྤྱི་དམངས་ལ་ཉེན་བརྡ་བཏང་སྟེ་ཁྲིམས་འགལ་མ་དངུལ་བསྡུ་རུབ་ཀྱི་ཉེན་ཁ་དང་དེ་བཞིན་སྤྱི་ཚོགས་ཀྱི་གནོད་འཚེ་ཐེར་འདོན་བྱས་ནས། སྤྱི་ཚོགས་ཀྱི་སྤྱི་དམངས་སྣེ་ཁྲིད་ཀྱིས་རང་རྟོགས་ངང་ཁྲིམས་ལས་འགལ་ནས་མ་དངུལ་བསྡུ་རུབ་བཀག་འགོག་དང་། དངུལ་རྩའི་ཁ་བསླུས་ཀྱི་གཡོ་ཇུས་ཁག་ལ་འགོག་ཟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

《བརྡ་ཐོའི》ནང་དངུལ་རྩའི་ཤེས་བྱ་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འགལ་མ་དངུལ་བསྡུ་རུབ་ཀྱི་འབྲེལ་ཡོད་དངུལ་རྩའི་ཤེས་བྱ་དྲིལ་བསྒྲགས་ཁྱབ་གདལ་དང་ཁྲིམས་འགལ་མ་དངུལ་བསྡུ་རུབ་ཀྱི་འབྲེལ་ཡོད་ཐ་སྙད་དང་། ཁྱད་ཆོས་གཙོ་བོ། མཚོན་ཚུལ་གྱི་རྣམ་པ། རྒྱུན་གཏན་གྱི་བྱེད་ཐབས་བཅས་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཚོར་དབྱེ་འབྱེད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས་པའི་སློབ་གསོ་བརྒྱབ་པ་དང་། དྲ་སྦྲེལ་གྱི་དངུལ་རྩའི་ཉེན་ཁའི་དྲིལ་བསྒྲགས་སློབ་གསོར་གཙོ་གནད་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱི་དངུལ་རྩའི་བྱང་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)