《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

རྒྱལ་ཡོངས་ཀྱི“གཞི་རིམ་ཉེན་རྟོག་པ་ལེགས་ཤོས”ཀྱི་མིང་ཐོ་ཡོངས་བསྒྲཌ་བྱས་པ་དང་རང་ལྗོངས་ཀྱི་བློ་བཟང་དང་ཞེ་ཅུན་མིང་ཐོར་ཚུད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སྤྱི་བདེ་པུས་ཉིན་ཤས་གོང《ཀྲང་ཁྲའོ་སོགས་བློ་མཐུན་ལ་རྒྱལ་ཡོངས་ཀྱི“གཞི་རིམ་ཉེན་རྟོག་པ་ལེགས་ཤོས”ཀྱི་མཚན་སྙན་སྤྲོད་པའི་སྐོར་གྱི་གཏན་འབེབས》མཉམ་དུ་ཡོངས་བསྒྲགས་བྱས་ཤིང་། གསར་འགོད་པར་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གི་རུ་དཔོན་གཞོན་པ་བློ་བཟང་རྒྱལ་ཡོངས་ཀྱི“གཞི་རིམ་ཉེན་རྟོག་པ་ལེགས་ཤོས”ལ་བདམས་པ་དང་། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་སྤྱི་བདེ་ཅུས་ཁང་དམར་གྲོང་རྡལ་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ཞེ་ཅུན་ལ“གཞི་རིམ་ཉེན་རྟོག་པ་ལེགས་ཤོས”ཀྱི་མིང་འདོན་བྱ་དགའ་ཐོབ་པ་རེད།

2019ལོའི་ཟླ་8པར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སྤྱི་བདེ་པུས་སྤྱི་ཚོགས་ཡོངས་ལ་རྒྱལ་ཡོངས་ཀྱི“གཞི་རིམ་ཉེན་རྟོག་པ་ལེགས་ཤོས”ལ་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་དང་། འོག་ནས་གོང་དང་། རིམ་བཞིན་གདམ་གསེས། འོས་སྦྱོར་འགྲེམས་སྟོན་བཅས་བྱས་པ་བརྒྱུད། རྒྱལ་ཡོངས་ཀྱི་འོས་སྒུག་མི་སྣ་70བདམས་ཐོན་བྱུང་བ་རེད། 2019ལོའི་ཟླ་12ཚེས་6ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སྤྱི་བདེ་པུས་སྤྱི་ཚོགས་ཡོངས་སུ་2019ལོའི་རྒྱལ་ཡོངས་ཀྱི“གཞི་རིམ་ཉེན་རྟོག་པ་ལེགས་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པར་སྤྱི་ཚོགས་ཀྱིས་རྒྱུན་མཐུད་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཐེངས་འདིའི་རྒྱལ་ཡོངས་ཀྱི“གཞི་རིམ་ཉེན་རྟོག་པ་ལེགས་ཤོས”ཀྱི་མཚན་སྙན་སྤྲོད་པའི་གཏན་འབེབས་དེས་ཉེན་རྟོག་པ་ཡོངས་ཀྱིས་རྒྱལ་ཡོངས་ཀྱི“གཞི་རིམ་ཉེན་རྟོག་པ་ལེགས་ཤོས”ལ་སློབ་སྦྱོང་བྱེད་པའི་ཚ་རླབས་རྒྱུན་མཐུད་འཕྱུར་བར་སྔར་བས་སྐུལ་མ་ཐེབས་སྲིད།