《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་འཇོ་མདའ་རུ་འབྲིང་གིས་ཁ་བ་བུ་ཡུག་ཁྲོད་སྦྱོང་བརྡར་བྱས་པ།

འདི་ནི་ཁ་བ་བུ་ཡུག་ཁྲོད་སྦྱོང་བརྡར་ལ་བྲེལ་བཞིན་པའི་མེ་ཟོན་རུ་མི་ཡིན་པ།

འདི་ག་ཚགས་པར་ཁང་དུ་འཇོ་མདའ་ནས་གློག་འཕྲིན་འབྱོར་གསལ། དཔྱིད་གསར་དུས་ཆེན་གྱི་གོང་དུ། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ལ་2020ལོའི་གངས་ཐོག་མ་དེ་བབས་པ་རེད། དགུན་དུས་ཀྱི་དམག་སྦྱོང་ཆེ་མོའི་བྱེད་སྒོ་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་འཇོ་མདའ་རུ་འབྲིང་གིས་དང་ལེན་ཧུར་ཐག་ཞུས་ནས་ཆུ་འཐེན་འཕྲུལ་འཁོར་སྒྲིག་པ་དང་བསྡུ་བའི་སྦྱོང་བརྡར་བྱས་པར་དམག་སྦྱོང་གི་ཚ་རླབས་ཤིག་འཕྱུར་ཡོད།

མེ་ཟོན་དང་མེ་གསོད་ཀྱི་ཆེད་ལས་རྩལ་ནུས་སྔར་བས་ཆེ་རུ་གཏོང་བ་དང་། ཁོར་ཡུག་གི་ཆ་རྐྱེན་སྣ་ཚོགས་ཁྲོད་མེ་གསོད་དངོས་འཐབ་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། རུ་འབྲིང་གིས《དགུན་དུས་དམག་སྦྱོང་ཆེ་མོའི་བྱེད་སྒོའི་ལག་བསྟར་ཇུས་གཞི》གཞིར་བཟུང་། སྦྱོང་བརྡར་གྱི་འཆར་གཞི་ཞིབ་འཇུག་བྱས་ནས་བཟོ་བ་དང་། ལུགས་མཐུན་བཀོད་སྒྲིག་བྱེད་པ། ཚན་རིག་དང་མཐུན་པའི་ངང་ཚོགས་ཆུང་བགོ་བ། མེ་ཟོན་རུ་མི་རྒན་གཞོན་མཉམ་དུ་སྦྱོང་བརྡར་བྱེད་པའི་བྱ་ཐབས་སྤྱོད་པ་བཅས་བྱས་ཏེ། རུ་མི་རྒན་གཞོན་གྱི་འཐབ་རྩལ་མཉམ་འདྲེས་ལ་སྐུལ་འདེད་དང་མཉམ་དུ་དམག་འཐབ་བྱེད་པའི་འཇོན་ཐང་ཆེ་རུ་བཏང་བ་རེད། གྲང་ངར་ཆེ་བའི་དགུན་དུས་སུ། ནགས་ཚལ་མེ་ཟོན་རུ་མི་ཡོངས་ཀྱིས་གྲང་ངར་ལ་མི་འཛེམ་པ་དང་། སྦྱོང་བརྡར་ནན་པོ་བྱེད་པ། རང་ངོས་ཀྱི་རྩལ་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། ནགས་ཚལ་མེ་ཟོན་རུ་མིའི་དཔའ་ངར་ཆེར་སྐྱེད་ཀྱི་འཐབ་རྩོད་ཀྱི་སྤྱོད་ཚུལ་དང་སྲ་ཞིང་བརྟན་པའི་བློ་སྟོབས་དང་གཤིས་རྒྱུད་གང་ལེགས་མངོན་པར་བྱས་པ་དང་། བརྒྱུད་རིམ་ཡོངས་སུ་མཐུན་སྒྲིལ་མཉམ་སྒྲུབ་བྱས་པ་བརྒྱུད། སྦྱོང་བརྡར་ལས་འགན་ཚད་གཞི་མཐོ་པོས་ལེགས་སྒྲུབ་བྱས་པ་རེད།

(དཀོན་སྒྲོལ་གྱིས་བསྒྱུར། པ་ཚེས་ཞུས)