《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

ཟངས་རི་རྫོང་སྤྱི་བདེ་ཅུས་ཀྱིས།

སྦག་སྦག་གི་ཁྲིམས་འགལ་བྱེད་སྤྱོད་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ཟངས་རི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཟངས་རི་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་རུ་ཆེན་གྱིས་སྦག་སྦག་གཏོང་སྐབས་བདེ་འཇགས་ཞྭ་མོ་མི་གྱོན་པའི་བྱེད་སྤྱོད་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་གཅིག་སྡུད་སྤེལ་ནས་ཟངས་རི་རྫོང་གི་དུས་ཆེན་གོང་གི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་བཏང་བ་རེད།

བྱ་སྤྱོད་སྤེལ་རིང་། རུ་ཆེན་གྱིས་གནས་གཏན་འཁེལ་གྱི་ལས་སྒྲུབ་དང་སྐོར་གཡེང་ཕན་ཚུན་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་ཉེན་རྟོག་པའི་སྟོབས་ཤུགས་རྫོང་གྲོང་གི་མ་ལམ་དུ་བཀོད་སྒྲིག་བྱས་ནས་བདེ་འཇགས་ཞྭ་མོ་མི་གྱོན་པར་སྦག་སྦག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱས་པ་རེད། སྦག་སྦག་གཏོང་མཁན་གྱིས་བདེ་འཇགས་ཞྭ་མོ་མི་གྱོན་པའི་ཁྲིམས་འགལ་བྱེད་སྤྱོད་ལ་དམིགས་ཏེ། མི་དམངས་ཉེན་རྟོག་པས“སློབ་གསོ་གཙོ་བོ་དང་ཁྲིམས་ཆད་ཕལ་པར་བྱེད་པའི”རྩ་དོན་གཞིར་བཟུང་། སྔོན་ལ་ཁྲིམས་འཛིན་ཡོ་བྱད་ལ་བརྟེན་ནས་དཔང་རྟགས་བསྡུ་ཉར་དང་རྗེས་ལ་འགྲིམ་འགྲུལ་རུ་ཆེན་དུ་ཁྲིད་དེ་ངོ་འཕྲད་ངང་སྦག་སྦག་གཏོང་མཁན་ལ་བདེ་འཇགས་ཞྭ་མོ་མི་གྱོན་པའི་གནོད་འཚེ་འགྲེལ་བཤད་བརྒྱབ་པས། ཁོང་ཚོས་འགྲིམ་འགྲུལ་ཁྲིམས་འགལ་གྱི་ཉེན་ཚབས་དང་དེ་བཞིན་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རང་རྟོགས་ངང་བརྩི་སྲུང་ཞུ་དགོས་པའི་གལ་ཆེའི་རང་བཞིན་ངོས་འཛིན་གང་ལེགས་ཐུབ་པས། འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་མི་སྣའི་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་སོང་བ་རེད།

ད་ཐེངས་ཀྱི་བཅོས་སྒྲིག་བྱ་སྤྱོད་ལ་ཁྱོན་ཉེན་རྟོག་པ་8དང་ཉེན་རྟོག་པའི་རླངས་འཁོར་1མངགས་ནས་རྫོང་གྲོང་གི་ལམ་མདོ་གཙོ་བོར་ལས་སྒྲུབ་ས་ཚིགས་4བཙུགས་ཏེ། སྦག་སྦག་གཏོང་མཁན་གྱིས་བདེ་འཇགས་ཞྭ་མོ་མི་གྱོན་པའི་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་10ལ་ཞིབ་བཤེར་ཐག་གཅོད་བྱས་པ་མ་ཟད། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་ཤོག་བྱང་ཡང་20ཙམ་སྤྲད་་པ་རེད།