《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

སྣེ་གདོང་ཉེན་རྟོག་ཕྱོགས་ཀྱིས།

ཁང་པའི་ནང་དུ་འཛུལ་ནས་རྐུ་མ་བརྐུས་པའི་གྱོད་གཞི་གཉིས་རྩད་ཆོད་པ།

ཉེ་བའི་ལོ་ཤས་རིང་། སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས་མི་དམངས་མང་ཚོགས་ཀྱིས་ཚུར་སྣང་ལན་ཆ་ཆེ་བའི“འཕྲོག་པ་གཉིས་དང་རྐུ་བ་གཅིག”སོགས་དམངས་འཚོར་ཤུགས་རྐྱེན་ངན་པ་བཟོ་བའི་གྱོད་གཞིར་དམིགས་ཏེ། ཉེས་གསོག་གནས་ཚུལ་ཐོན་མ་ཐག་རྡུང་རྡེག་དང་གནད་སྨིན་རྡུང་རྡེག་མཐའ་འཁྱོངས་བཏང་ཡོད། ཉེ་ཆར། སྣེ་གདོང་ཉེན་རྟོག་ཕྱོགས་ཀྱིས་མྱུལ་ཞིབ་ཞིབ་ཚགས་བྱས་པ་པ་བརྒྱུད། ཁང་པའི་ནང་དུ་འཛུལ་ནས་རྐུ་མ་བརྐུས་པའི་གྱོད་གཞི་གཉིས་རྩད་ཆོད་པ་མ་ཟད། ཉེས་གསོག་དོགས་ཅན་གཉིས་བཟུང་བ་རེད།

གྱོད་གཞི་ངོ་སྤྲོད་དང་ཐག་གཅོད།

2019ལོའི་ཟླ་12ཚེས་29ཉིན་གྱི་ཆུ་ཚོད་11ཙམ་ལ། སྣེ་གདོང་ཆུས་སྤྱི་བདེ་ཅུས་རྩེད་ཐང་ཁྲོམ་གཞུང་དོན་གཅོད་ཁྲུའུ་སྤྱི་བདེ་མངཌ་གཏོང་ཁང་ལ་མང་ཚོགས་ཀྱི་ཉེས་དོན་སྙན་སེང་ཞིག་འབྱོར་ནས“ཨན་ཁང་དུས་རབས་ཐང་ཆེན་གྱི་གསོལ་མགྲོན་ཁང་ཞིག་ཏུ་དངུལ་སྨར་སྒོར་700ལྷག་ཙམ་བོར་བརླགས་སོང”ཞེས་བཤད། སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པས། བརྟག་དཔྱད་དཔང་ལེན་གྱི་ལས་དོན་ཧུར་ཐག་སྤེལ་བ་མ་ཟད། 2020ལོའི་ཟླ་1ཚེས་13ཉིན་གྱི་ཆུ་ཚོད་17ཙམ་ལ། གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་སླེའུ་ཆུང་གྲོང་ཚོའི་ཉེ་འགྲམ་ནས་ཉེས་གསོག་དོགས་ཅན་མིག་ཆེ་གེ་མོ་བདེ་བླག་ངང་བཟུང་བ་རེད། འདྲི་རྩད་བྱས་པ་བརྒྱུད། མིག་ཆེ་གེ་མོས་ཁང་པའི་ནང་དུ་འཛུལ་ནས་རྐུ་མ་བརྐུས་པའི་ཉེས་གསོག་དོན་དངོས་ངོས་ལེན་ཞུས་པ་ཟད། 2019ལོའི་ཟླ་12པ་ནས་བཟུང་། སྣེ་གདོང་ཁོངས་གཏོགས་ཁུལ་དུ་རྒྱུ་ནོར་བསྟུད་མར་བརྐུས་པའི་གྱོད་གཞི་6གི་ཉེས་གསོག་དོན་དངོས་ཀྱང་ངོས་ལེན་ཞུས་པ་རེད།

མིག་སྔར། ཉེ་གསོག་དོགས་ཅན་མིག་ཆེ་གེ་མོ་ཉེས་དོན་རྟོག་རུ་ཁག་ལ་རྩིས་སྤྲད་ནས་གྱོད་གཞི་མུ་མཐུད་སྒྲུབ་བཞིན་ཡོད་པ་རེད།

གྱོད་གཞི་ངོ་སྤྲོད་དང་ཐག་གཅོད།

2019ལོའི་ཟླ་12ཚེས་26ཉིན། སྣེ་གདོང་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་བསོད་ཆེ་གེ་མོའི་ཉེས་དོན་སྙན་སེང་ཞིག་འབྱོར་ནས“ངའི་ཚོང་ཁང་ནས་དངུལ་སྨར་སྒོར་7000ལྷག་ཙམ་དང་སྐུད་མེད་དྲ་བའི་ཡོ་ཆས་བརླགས་འདུག”ཅེས་བཤད། སྙན་སེང་འབྱོར་མ་ཐག་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་བརྟག་དཔྱད་དཔང་ལེན་གྱི་ལས་དོན་ཧུར་ཐག་སྤེལ་བ་མ་ཟད། འགྱུར་ཆེ་གེ་མོ(སྣེ་གདོང་ཁོངས་གཏོགས་ཁུལ་དུ་བདེ་འཇགས་ཀྱི་གྱོད་གཞི་ཞིག་དང་འབྲེལ་བ་ཡོད་པས་སྣེ་གདོང་མངགས་གཏོང་ཁང་གིས་སྲིད་འཛིན་བཀག་ཉར་བྱས་པ)ལ་ཉེས་གསོག་གི་དོགས་གཞི་ཆེན་པོ་ཡོད་པ་གཏན་འཁེལ་བྱས། ཟླ་1ཚེས་6ཉིན། ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་འགྱུར་ཆེ་གེ་མོར་འདྲི་རྩད་བྱས། འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་འགྱུར་ཆེ་གེ་མོས་ཁང་པའི་ནང་དུ་འཛུལ་ནས་རྐུ་མ་བརྐུས་པའི་ཁྲིམས་འགལ་ཉེས་གསོག་དོན་དངོས་ངོས་ལེན་ཞུས་པ་ཟད། 2019ལོའི་ཟླ་9པ་ནས་བཟུང་། སྣེ་གདོང་ཁོངས་གཏོགས་ཁུལ་དུ། རྒྱུ་ནོར་བརྐུས་པའི་གྱོད་གཞི་5ཡི་ཉེས་གསོག་དོན་དངོས་ཀྱང་ངོས་ལེན་ཞུས་པ་རེད།

མིག་སྔར། ཉེས་གསོག་དོཌ་ཅན་འགྱུར་ཆེ་གེ་མོ་སྣེ་གདོང་ཆུས་སྤྱི་བདེ་ཅུས་ལ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱ་རྒྱུར་རྩིས་སྤྲད་པ་དང་གྱོད་གཞི་དེ་ད་ལྟ་མུ་མཐུད་སྒྲུབ་བཞིན་ཡོད་པ་རེད།

ཉེན་རྟོག་ཕྱོགས་ཀྱི་དྲན་སྐུལ།

རྒྱུ་ནོར་གྱི་བདེ་འཇཌ་ཆེད། ཚོང་པས་རྐུ་མ་འགོག་ཐབས་དོན་འཁྱོལ་ཡག་པོ་བྱས་ཏེ། ཚོང་ཁང་དུ་སྤུས་ཀ་ལེགས་པའི་རྐུ་འགོག་སྒོ་དང་སྒོ་ལྕཌ་བཙན་པོ་རྒྱག་དགོས། གལ་ཏེ་མཚན་མོ་ཚོང་ཁང་ནང་དུ་མི་སྡོད་མཁན་མེད་ན། དངུལ་སྨར་དང་རྩ་ཆེའི་དངོས་པོ་ཚོང་ཁང་དུ་འཇོག་མི་རུང་བ་མ་ཟད། རབ་བྱུང་ན་རྐུ་འགོག་ཉེན་གཏོང་ཡོ་ཆས་དང་གློག་མིག་ཀྱང་སྒར་དགོས།